| e-texts navigator |
| Wylie |
205b1 གི་རྣམ་པར་ཤེས་པའི་མངོན་པར་བྱའོ་སྙམ་དུ་མྱི་སེམས་སོ།། ནམ་མཁའ་ཡང་འདི་སྙམ་དུ་བདག་གིས་མྱིག་གི་རྣམ་པར་ཤེས་པའི་མྱི་སྒྲིབ་པའི་བྱ་བ་བྱའོ་སྙམ་དུ་མྱི་སེམས་སོ།། དེ་སྐྱེད་པའི་ཡིད་ལ་བྱེད་པ་ཡང་འདི་སྙམ་དུ།
205b2 བདག་གིས་མྱིག་གི་རྣམ་པར་ཤེས་པའི་བསམ་པའི་བྱ་བ་བྱའོ་སྙམ་དུ་མྱི་སེམས་སོ།། མྱིག་གི་རྣམ་པར་ཤེས་པ་འདི་སྙམ་དུ་བདག་ནི་རྐྱེན་འདི་དག་གིས་བསྐྱེད་དོ་སྙམ་དུ་མྱི་སེམས་ཏེ། འོ་ནད་ཀྱང་རྐྱེནད་འདི་དག་ཡོད་པ་ལས་མྱིན།།
205b3 གི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་རོ།། དེ་བཞིན་དུ་དབང་པོ་ལྷག་མ་རྣམས་ཀྱང་ཅི་རིགས་པ་སྦྱོར་རོ།། དེ་ལ་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་མྱི་ཕོ་མོད་ཀྱི། རྒྱུ་དང་རྐྱེན་མ་ཚང་བ་མྱེད་པའི་ཕྱིར
205b4 ལས་ཀྱི་འབྲས་བུར་མངོན་པ་ཡོད་དོ།། འདི་ལྟ་སྟེ་དཔེར་ན། རབ་ཏུ་ཕྱིས་པའི་མེ་ལོང་ཀྱི་དཀྱིལ་འཁོར་ལ། བཞིན་གི་གཟུགས་བརྙན་སྣང་བ་ཡང་། བཞིན་མེ་ལོང་ཀི་དཀྱིལ་འཁོར་དུ་མ་འཕོ་མོད་ཀྱི། རྒྱུ་དང
205b5 རྐྱེནད་མ་ཚང་བ་མྱེད་པའི་ཕྱིར་བཞིན་དུ་མངོན་པ་ཡང་ཡོད་དོ།། དེ་བཞིན་དུ་འདི་ནས་ཀྱང་ཤི་འཕོས་པ་མྱེད་ལ། གཞན་དུ་ཡང་མ་སྐྱེ། ས་ཏེ། རྒྱུ་དང་རྐྱེནད་རྣམས་མ་ཚང་བ་མྱེད་པའི་ཕྱིར། ལས་ཀྱི་འབྲས
205b6 བུར་མངོན་པ་ཡང་ཡོད་དོ།། འདི་ལྟ་སྟེ་དཔེར་ན་ཟླ་བའི་དཀྱིལ་འཁོར་ནི། དཔག་ཚད་བཞི་ཁྲི་ཉིས་སྟོང་ནས་འགྲོ་སྟེ་འོན་ཀྱང་སྣོད་ཆུང་ངུ་ཆུ་ས་གང་བར་ཟླ་བའི་དཀྱིལ་འཁོར་ཀ་གཟུགས་བརྙན་སྣང་བ་ཡང
205b7 ཟླ་བའི་དཀྱིལ་འཁོར་ནི་གནས་དེ་ནས་མ་འཕོས་ཏེ། སྣོད་ཆུང་ངུ་ཆུས་གང་བའི་ནང་དུ་སོང་བ་ཡང་མྱེད་མོད་ཀྱི། ཆུ་དང་རྐྱེན་མ་ཚང་བ་མྱེད་པའི་ཕྱིར་ཟླ་བའི་དཀྱིལ་འཁོར་དུ་མངོན་པ་ཡང་ཡོད་དོ།། དེ་བཞིན་དུ་འདི་ནས་ཀྱང་ཤི་འཕོས
205b8 པ་མྱེད་པ་གཞན་དུ་ཡང་མ་སྐྱེས་མོད་ཀྱི། རྒྱུ་དང་རྐྱེན་དེ་མ་ཡང་བ་མྱེད་པའི་ཕྱིར། ལས་ཀྱི་འབྲས་བུར་མངོན་པ་ཡང་ཡོད་དོ།། འདི་ལྟ་སྟེ་དཔེར་ན། མེ་ནི་རྒྱུ་དང་རྐྱེན་མ་ཚང་ན་མྱི་འབར་གྱི། རྒྱུ་དང་རྐྱེན་ཚོགས་པ་ལས
205b9 འབར་རོ།། དེ་བཞིན་དུ་བདག་པོ་མྱེད་པའི་ཆོས་བདག་གི་མྱེད་པ། འཛིནད་པ་མྱེད་པ། ནམ་མཁའ་དང་མཚུངས་པ། སྒྱུ་མའི་མཚན་ཉིད་ཀྱི་རང་བཞིན་དག་ལ། རྒྱུ་དང་རྐྱེནད་རྣམས་མ་ཚང་བ་མྱེད་པའི་ཕྱིར། སྐྱེ་བའི་གནས