| e-texts navigator |
| Wylie |
9b1 སྨ་གཅད་ལ་ལས་ཐ་རང་བའི་ཟླ་བ་འདྲ་ཅི་ཙམ་ན་རྒྱལ་པོས་བློན་པོ་རྣམས་ལ་སྨྲས་པ།། ཁྱེད་རྣམས་ཀྱིས་འགའ་ཞིག་ལ་འདི་ལྟ་བུའི་མྱིག་ཡོད་པར་མཐོང་ངམ་བློན་པོ་རྣམས་ཀྱིས་སྨྲས་པ་ཀ་ལྷ་མ་མཐོང་ལགས་སོ།
9b2 དེ་ནས་དེ་ན་གནས་པའི་འཁོར་རྣམས་ལ་དེ་སྐད་རྒྱལ་པོས་སྨྲས་པས། རྀའི་རྒྱལ་པོ་ཞ་བ་ཅན་ན་ལོར་བསྟེནད་པའི་བྲམ་ཟེ་རྣམས་དེ་ཉིད་དུ་ལྷགས་པ་དང་། དེ་རྣམས་ལ་རྒྱལ་པོས་གཞོ་ནུ་བསྟནད་ཏེ། ཁྱེད་རྣམས་ཀྱིས་ཀྱང་འགའ་ཞིག
9b3 ལ་འདི་ལྟ་བུའི་མྱིག་ཡོད་པ་མཐོང་ངམ།། ལྷ་མྱོར་གྱུར་པ་རྣམས་ལ་ནི་མ་མཐོང་སྟེ།། དེ་ལྟ་མོད་ཀྱི་འོད་ཀྱང་ལྷ་རིའི་རྒྱལ་པོ་ཞ་བ་ཅན་ན་ཀུ་ན་ལ་ཞེས་བྱ་བའི་བྱ་དེ་ལ་འདི་ལྟ་བུ་མྱིག་མཆིས་སོ།། ཡང་སྨྲས་པ།། རྀ་རྒྱལ་ཞ་བ་ཅན
9b4 ནི་བྲག་གི་ཆེ་མེ་ཏོག་མང་ཞིང་ཆུ་བྲན་རབ་འབབ་པ།། དེ་ཀུ་ན་ལ་ཞེ་ས་བྱ་བའི་བྱ།། འདིའི་མྱི་ཀ་དང་རྣམ་པར་འདྲ་བ་ཡོད།། དེ་ནས་རྒྱ8་ལ་པོས་བྱ་ཀུ་ན་ལ་མྱུར་དུ་ཁྱེར་ལ་ཤོག་ཤིག་ཅེས་སྨྲས་པ་དང་།། དེའི
9b5 སྟེང་གི་དཔག་ཚད་གཅིག་ཙམ་དུ་གནོད་སྤྱོད་རྣམས་ཀྱིས་ཟོས་སོ། ཉེ་འོག་ཀི་དཔག་ཚད་གཅིག་ཙམ་དུ་ནི་ཀླུ་རྣམས་ཀྱིས་ཐོས་སོ།། དེ་ནས་གནོད་སྦྱིན་གོས་སྐད་ཅིག་མ་དེ་ཉིད་ལ་བྱ་ཀུ་ན་ལ་ཁྱེར་ཏེ་འོངས
9b6 སོ།། དེ་ནས་རྒྱལ་པོ་ཀ་ཞོ་ནུ་དང་ཀུ་ན་ལའི་མྱིཀ་ལ་ཤིན་ཏུ་ཡུན་རིང་པོར་བཅུགས་ན་ཁྱད་པར་ཅུང་ཟད་ཀྱང་མ་རྟོགས་སོ།། དེ་ནས་རྒྱལ་པོས་སྨྲས་པ། ཨེ་མའོ་གཞོ་ནུ་དང་། ཀུན་ལ་ནི་མྱག་ཤིན་ཏུ
9b7 འདྲ་བ་ཡིན་པས་ནཀ་ག་ཞོ་ནུ་ལ་ནཽ་མྱ་ང་ཀུ་ན་ལ་ཞེས་གདགས་པར་བྱའོ།། ཡང་སྨྲས་པ་ས་བདག་དེ་ནི་མྱཾ་ཀ་ལ་རྗེས་དཀའ་བས།། དེ་ཚེ་བུ་ལ་ཀུ་ན་ལ་ཞེས་སྨྲས།། དེ་ནས་འཕགས་པའི་སེམས་ཅན་རྒྱལ་པོའི་བུ
9b8 དེའི་མྱིང་ནི་ས་སྟེ་ང་རབ་ཏུ་གྲགས།། དེ་ནས་རྒྱ་ཆེར་གཞོ་ནུ་ཆེན་པོར་གྱུར་ད་པའི་བར་དུ་སྟེ་དེ་ལ་གསེར་འཕྲེང་ཅན་ཞེས་བྱ་བའི་བུ་མོ་ཆུང་མོ་དོན་ཏུ་བཀུག་ཀུག་ནས་བྱིན་ཏེ། བའི་བཟོའ་འི་གནས་དང་ལས་ཀྱི་གནས་འདི་ལྟ
9b9 སྟེག་གླང་པོ་ཆེའི་ཀཉར་ཞོན་པ་དང་ཀ་རྟ་ལ་ཞོན་པ་དང་། ཤང་རྟའི་ཐབས་དང་མདའ་ཞུའི་ཐབས་དང་། ལྕགས་ཀྱུས་བར་པའི་ཐབས་དང་། མདའ་བོ་ཆེ་འཕེན་པའི་ཐབས་དང་། ལྕགས་མདའ་འཕེན་པའི་ཐབས་དང་། ཐག