e-texts navigator
Collection
Volume
Page
Wylie

9a1 བ་དང་། བུད་བྱེད་ཀི་ཆ་ལུགས་སུ་འགེབས་པ་དང་། ཁར་སིལ་བཀྲོལ་བ་དང་། རྔ་རྐེད་ཉེག་རྡུང་བ་དང་། བྱིས་པ་ལྔ་ཚོམས་དང་། སྲུང་བར་ན་རྩེ་བ་སྟེ། དེ་དག་ཐམས་ཅད་སྲང་དང་། སྲང་བར་དང་། བཞི་མདོ་དང་།
9a2 སུམ་མདོར་ཐམས་ཅད་དུ་རང་རང་གི་བྱ་བ་ཐམས་ཅད་ཀྱིས་མཛེས་པར་བྱས་སོ།། གྲོང་ཁྱེར་ཀ་སློང་བཞིར་ཡང་སྐྱེད་པ་ནི་གཏོང་བསོད་ནམས་དག་བྱེད་པ་ནི་འདི་ལྟ་སྟེ། ཟས་འདོད་པ་རྣམས་ལ་རྣཾ་ཟས། གོས་འདོད་པ་རྣམས
9a3 ལ་ཀོས། དྲྀ་དང་འཕྲེང་བ་དང་། བྱུག་པ་འདོད་པ་རྣམས་ལ་ནི་དྲྀ་དང་འཕྲེང་བ་དང་། བྱུག་པ་རས་ཟུང་དང་རས་ཡ་བ་དང་ཀར་ཤ་པ་ན་འདོད་པ་རྣམས་ལ་ནཽ་རས་ཟུང་བ་དང་རས་ཡ་བ་དང་། ཀར་ཤ་བ་ན་སྦྱིན་པ་བྱེད་པ་དང་། ཀུན་ཏུ་དགའ
9a4 བའི་རོལ་མོ་རྣམས་རྡུང་། བྱི་བོ་འི་ལ་ཏིལ་མར་གྱིས་ནི་ཉུག་པར་བྱེད་དོ།། ཞག་ཅིག་ལ་ཇི་ལྟ་བ་དེ་བཞིན་དུ་གསུམ་པ་དང་། བདུན་པ་ནས། ཉིན་ཞག་ཉི་ཤུ་རྩ་ཅིག་གཽ་བར་དུ་བཙས་སྟོན་རྒྱ་ཆེན་བྱས་སྟེ། པང་ན་ཚོ་བའི་མ
9a5 མ་གཉིས་དང་། དྲྀ་མ་ཕྱི་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི། མ་མ་གཉིས་དང་། རྩེན་གྲོ་ཀས་ཀ་མ་མ་གཉིས་དང་། མ་མ་བརྒྱདད་ལ་གཏད་དོ།། དེ་ལྟར་གཞོ་ནུ་དེ་མ་མ་བརྒྱད་པོ་ཐམས་ཅད་ཀྱིས་རང
9a6 གོ་བཟོ་ལེགས་པར་བྱས་པས་ཡོངས་སུ་བསྐྱངས་ཤིང་མཁས་པ་དང་། ལྡན་པ་རྣམས་ཀྱིས་འོ་མ་དང་། མར་སར་དང་། ཞོ་དང་། མར་གཽ་སྙི། ང་པོ་དང་། སྦྲང་རྩིས་བསྐྱེད་པར་བྱེད་པར་རྩོམ་པར་གྱུ་རད་ཏོ།།
9a7 དེ་ནས་རྒྱལ་པོ་མ་ཤོ་ཀ་བུ་ལྟ་བར་མངོན་པར་དཀའ་བས་སྲས་རྣམས་ལ་ཀ་ཞེ་རུ་ཛཾ་འདྲ་བ་བལྟ་བར་བྱའོ་ཞེས་སྨྲས་སོ།། དེ་ནས་མ་མ་རྣམས་ཀྱིས་རྒྱལ་པོ་ལ་བསྟནད་པའི་ཕྱིར་ཁྱེར་བ་དང་། མཐོང་ནས་རྒྱལ་པོས་གཞོ་ནུའི
9a8 མྱིང་ཇི་ལྟར་ཀ་དགས་པར་བྱ་ཞེས་བསམས་པ་དང་།། གང་གི་ཕྱིར་འདི་ནིང་ཆོས་ལ་རབ་ཏུ་ཞུགས་པ་ན། སྐྱེས་པས་ན་དེའི་ཕྱིར་ཆོས་འཕེལ་བ་ཉིད་དུ་མྱོང་བཏགས་པར་བྱའོ།། ཞེས་སྨྲས་ནས།། གཞོ་ནུ་རྒྱལ་པོ་ཨ་ནོ།
9a9 ཀས་བླངས་སོ།། དེ་ནས་རྒྱལ་པོས་གཞོ་ནུ་ལ་བལྟས་དེ་དཀའ་བཞིན་དུ་སྨྲས་པ།། ངའི་བུ་ལ་མྱིག་བཟང་ལེགས་སྐྱེས་པ། ཨུད་པལ་སྔོ་འདྲ་རབ་ཡངས་རྫི་མ་ཅན། གང་ཀྱིས་བཞོན་བརྒྱན་མཛེས་པར་བྱས་པ་ནི།།




iiif viewer powered by OpenSeadragon

8b - 9b

Texts on this page

Ng14.3 - ku na la'i rtogs pa brjod pa