e-texts navigator
Collection
Volume
Page
Wylie

8b1 xxx
8b2 སྐྱེངས་མས་བསྡུག་གིས་དགྱེས་པ་བསྐྱེད་དུ་གསོལ། རྒྱལ་པོས་སྨྲས་པ། དེ་ནིང་མི་དགའ་བ་རྒྱ་ཆེད་འཐོབ། དཔའ་མ་མརིགས་ཀྱི་སྒྲ་གྲགས་གྱུར་ཅིང་།། ཆོས་ཀྱི་རྒྱལ་སྲིད་རྣམ་པར་འཕེས་པ་ད། བུ་སྐྱེས་པས་ན
8b3 ཆོས་རྣོ་རྣམ་པར་འཕེལ་འགྱུར།། དེ་ནས་རྒྱལ་པོ་མྱ་ངན་མྱེད་དེས་བཙའ་སྟོན་བྱ་བར་བརྩམས་ཏེ།། གྲོང་ཁྱེར་བའི་ཏ་ལ~ཾ་པུ་ཏཱ་ཐམས་ཅད་དང་ལྡན་པ། ལེགས་པར་ཆག་ཆག་བཏབ་ཅིང་ཕྱག་དར་བྱས་ཞིང་སྦྱངས་ཏེ། རྡོ་དང་།
8b4 གསེག་མ་དང་། གྱོ་མོ་བསལ་ཅིང་། ཤིང་དང་། སོ་བག་དང་། གཙང་བའི་འདབ་རྫབ་དང་ཕྱག་དང་ཀཽ་ཚོགས་མྱེད་པར་བྱས་ནས་དར་དང་མེ་ཏོག་ཀཽ་ཆུན་འཕྱང་བཏགས་སྟེ།། གདུག་པོས་ཀྱི་སྡོད་ལ
8b5 སྤོས་གཏུལ་ནས་ཕྱི་མ་དང་། སྲང་བར་དང་། བཞི་མདོ་དང་། སུམ། མདོ་ལ་སོགས་པ་བརྒྱན་པར་བྱས་པ་ནི། འདི་ལྟ་སྟེ། རས་དང་། དར་དང་། བེའུ་རས་དང་། དར་ལ་དང་། ཟར་མའི་རས་དང་། དུག
8b6 གུ་ལའི་རས་དང་། རས་ཡུག་ཆེན་པོ་ལ་སོཆགས་པ་བཏགས་པ་དང་། རྔ་ཡབ་དང་། མཛེས་པའི་ཀ་དུ་ཀུ་དང་། དཔུང་རྒྱར་དང་། དོ་ཞལ་དང་། སེ་མོ་དོ་དང་། མུ་ཏིག་ཀཽ་ཆུ་ན་འཕྱང་དང་། དྲིལ་བུ་དང་། ནོར་དུ
8b7 ཆུ་ཤེལ་དང་། མྱེ་ཤེལ་ལ་སོགས་པ་དང་། ནོར་བུ་རིན་པོའི་རྣ་རྒྱན་བཏགས་པ་དང་། བ་དན་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། ཀར་པོ་དང་། ལེབ་རྒ་བ་བསྒྲེངས་པ། ཤིང་དང་། ཁྱིམ་ལ་བཏགས་པ་དང་།
8b8 རས་ཀཾ་བླ་རེ་དང་། དར་གཽ་བླ་རེས་སྡུད་པས་གྲོང་ཁྱེར་པ་ད་ལྀ་པུ་དྲ་ཀུན་ནས་དྲྀ་ཟའི་རྒྱལ་པོའི་གནས་དང་འདྲ་བར་རྣམ་པར་གཞག་པར་གྱུར་ད་ཏོ།། པ་ཏི་འི་པུ་ཏཱ་དང་། པུ་ཏ་ལྀ་པུ་ཏཱའི་ཉེན་འཁོར་ཇི་སྙེད་པར་སིལ་སྙན་གཱཾ
8b9 སྨ་སྒྲོགས་པ་རྣམས་རབ་ཏུ་རྒནས་པ་ནི་འདི་ལྟ་སྟེ། གར་མཁན་དང་། ཀར་སྟོན་པ་དང་། གཏམ་བརྗོད་པ་དང་། བཞད་དགང་བྱེད་པ་དང་། མཛེས་པར་བྱེད་པ་དང་། གླུ་ལེན་པ་དང་། མྱིག་འཕྲུལ་མཁན་དང་། མཆོད




iiif viewer powered by OpenSeadragon

8a - 9a

Texts on this page

Ng14.3 - ku na la'i rtogs pa brjod pa