| e-texts navigator |
| Wylie |
7a1 སྨྲས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་ལ། ལྷའི་བུ་དེས་འདི་སྐད་ཅེས་སྨྲས་སོ།། ཀེའུ་ཤི་ཀ་བདག་ནི་འདིར་ལྷའི་བདེ་བ་དང་བྲལ་ཏེ། ཞག་བདུན་ན་འདི་ནས་རྒྱལ་པོ་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་པཀ་ཀཽ་མངལ་དུ་སྐྱེ
7a2 བར་འགྱུར་ཏེ། དེར་བདག་ན་སོ་གྲངས་མང་པོ་འན་དུ་གྱིས་དང་། གཅིན་པ་པར་འགྱུར་བས་དེའི་ཕྱིར་དེ་གང་སྔའོ།། གྲོགས་པོ་ཆུ་ཤོག། མྱོང་དང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་སོ་ཤོ།། འདོད
7a3 དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་སོང་ཤིག། ཚོགས་རྣམས་ཀྱི་མཆོག་དགེའ་འདུན་ལ་སྐྱབས་སུ་སོང་ཤིཀ། དེས་དེ་སྐད་ཅེས་སྨྲས་པ།། གྲོགས་པོ་བདག་ནི་འདི་ལྟར། རྐང་གཉིས་ཀྱི་མཆོག་སངས་རྒྱས་ལ་སྐྱབས
7a4 སུ་མཆིའོ།། འདོད་ཆགས་དང་བྲལ་བའི་མཆོག་ཆོས་ལ་སྐྱབས་མ་ཆིའོ།། ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ།། ནས་ལྷའི་བུ་དེས་སྐྱབས་སུ་གཟུང་སྟེ། འཆེའཕོའི་དུས་བྱས་ནས།
7a5 དགའ་ལྡན་ཀཽ་ལྷའི་རིས་སུ་སྐྱེས་སོ།། དེ་ནས་ལྷའི་དབང་པོ་བརྒྱ།། བྱིན་ཀྱིས་ལྷའི་བུ་དེ་བལྟས་པ་ཅི་ལྟ་བུ་དེ་ཕཀ་ཀཽ་མངལ་དུ་སྐྱེས་སམ། ཞེས་བལྟས་ན་ཡང་མ་སྐྱེས།། སེམས་ཅན་དམྱལ་བ་དང་དུད་འགྲོའི
7a6 སྐྱེ་གནས་སུ་སྐྱེས་སམ་ཞེས་བལྟས་ན་ཡང་མ་སྐྱེས་ཏེ།། ལྷའ་ན། མས་ནི་ཆོས་གཉིས་ཀྱིས་འོག་མ་ཤེས་པས་མཐོང་ཀཽ་ཀོང་མ་ལ་ནི་མ་ན་ནོ།། དེ་ནས་ལྷའི་བུ་དབང་པོ་བརྒྱ་བྱིན་ཐེ་ཙོམ་སྐྱེས་ཏེ། བཅོམ་ལྡན
7a7 འདས་ཀ་ལ་དེར་སོང་སྟེ་ཕྱི་ནད་ནས།། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་ཀོ།། ཕྱོགས་གཅིག་ཏུ་འདུག་ནས་ཀྱང་། ལྷའི་དབང་པོ་བརྒྱ་བྱིད་ཀྱིས་འདི་སྐད་ཅེས་གསོལང་ཏོ།།
7a8 བཅོམ་ལྡན་འདས་བདག་གིས་འདིར་ལྷའི་བུ་གཞན་ཞིག་འཕོའཕོའི་ཆོས་མཐོང་སྟེ། དོག་ས་ལ་འགྲེ་ལྡོག་ཅིང་། སྙིང་རྗེརྗེ་སྐད་དུ་སྨྲེ་སྔགས་འདོན་ཏེ། ཀྱི་ཧུད་དལ་གྱིས་འབབ་པ། ཀྱི་ཧུད་རྫིང་། ཀྱི་ཧུད་རྫིང་བུ།
7a9 ཆུང་ཤིང་ཏེ་སྣ་ཚོགས་ཀྱི་ཚལ། ཀྱི་ཧུད་རྩུབ་འགྱུར་གྱི་ཚལ། ཀྱི་ཧུང་དཀའ་བའི་ཚལ། ཀྱཻ་ཧུད་འདྲེས་པའི་ཚལ། ཀྱི་ཧུད་ཡོངས་སུ་འདུ་བ། ཀྱཻ་ཧུང་སྡུག་པ། ཀྱི་ཧུང་མར་མོ་ནིག་ལྟ་བུ་འི་རྡོ་ལེབ། ཀྱི་ཧུང་སྤའི་མདུན