| e-texts navigator |
| Wylie |
6a1 པ་དང་། བརྒྱད་སྟོནད་པ་དང་། གསོ་སྦྱོང་བྱེད་པ་དང་། རབ་ཏུ་འགྲོ་དུ་འབོད་པ་དང་། དགེ་འདུན་ལ་ཆོས་སྟོན་གསོལ་བ་དང་། སྱན་འདྲེན་པ་དང་། གློ་བུར་འདྲེན་པ་དང་། ཟླ་བ་སྟོན་བྱེད་པ་དང་། སྟག་རེས་སྐོར་བྱེད
6a2 བ་དང་། ཆོས་སྒྲོགས་པ་སྱན་འདྲེན་པ་དང་། ལོ་ལྔ་སྟེར་བྱེད་པ་དང་། གཙུག་ལག་ཁང་འབུལ་བ་དང་། མལ་སྟན་སྟོབས་པ་དང་། ཆོས་གོས་འབུལ་བ་དང་། འགན་དེའི་རབ་གནས་བྱེད་པ་དང་། སྨན་འབུལ་བ་དང་། ཡོ་བྱད
6a3 ཕུལ་བས། དགེ་བའི་རྩ་བ་སྐྱེད་པ་དེ་དག་ཐམས་ཅད་ནི།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྱམས་པའི་གསུང་རབ་ལ། མྱི་ཐོབ་པ་རབ་ཏུ་ཐོབ་ནས། འདུས་པ་གསུམ་པ་ལ་དད་པས་ཁྱིམ་སྤངས་ཏེ། སྨ་དང་། ཁ་སུ
6a4 ཕྱི་ནས། ཆོས་གོས་བགོས་ཏེ། ཡང་དག་པར་དད་པས་ཁྱིམ་ནས་ཁྱིམ་མྱེད་པར་རབ་ཏུ་འབྱུང་སྟེ།། སྨོན་ལམ་ཇི་ལྟ་བ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ།། ཚེ་དང་ལྡན་པ་དག་དེ་ནི་རེ་ཤིག
6a5 དགེ་འདུན་ལ་དགེ་བའི་རྩ་བ་བསྐྱེད་པ་ཡིན་ནོ།། དེ་ནས་གནས་པ། རྟན་དཀའ་བའི་བཤེས་གཉེན་ཀོས་རྣམ་པར་དེ་དག་རྒྱ་ཆེར་བཤད་ན།། ས། ཤིང་ཏ་ལ་བདུན་སྲིད་ཙམ་དུ་ནམ་མཁའི་ཁམས་ལ་མངོན་པར
6a6 འཕས།། དགེ་ཀྱང་དེ་དག་གི་འདུན་རྣམམ་པ་རྫོ@ཟུང་དང་།། ལྡན་པའི་སྟན་ཏེ།། འས་འཇུགས་ནས། སོའི་འདུ་བྱེད་པ་། ཆོག་འང་ཆེར
6a7 བཏང་སྟེ། ཡོངས་སུ་མྱ་ངན་ལས་འདས་སོ།། དེ་དས་དེ་དག་གིས་གནས་བཏད་དགའ་བའི་བཤེས་གཉེན་གི་སུས་བསྲེགས་ནས། མཆོད་ཉེད་བྱས་ཏེ། དྲི་དང་། མེ་ཏོག་དང་། སྤོས་དང་། གདུགས་དང་། རྒྱས་མཚད་དམ
6a8 བ་ད་རྣབས་ཀྱིས་མཆོད་པ་བྱས་སོ།། རྣམ་པ་འདི་དག་འཕགས་པ་ནས། འཕགས་པར་གྱུར་ད་ནས་བཤད་དེ། དེ་ཅིའི་བྱོར་ཞེ། སྦྱིན་པ་པོ་དང་། སྒྱིར་བདག་གང་ཡོན་དྲན་པ་ས། ལྡད་འདས་རྒྱུ་གསུང་རབ་སུན
6a9 རིང་དུ་གནས་པར་འགྱུར་རོ།། ཞེས་དགའ་བ་རབ་ཏུ་བསྐྱེད་པའི་ཕྱིར། རྟོགས་པར་བརྗོད་པ་འདི་འཕགས་པ་དགའ་བའི་བཤེས་གཉེན་གོས་བཤད་དོ།། འཕགས་པ་དཀའ་བཤེས་གཉེན་གི་རྟོགས་པར་བརྗོད་པ་རྫོགས་སྷོ།། །