| e-texts navigator |
| Wylie |
5b1 དེ་དག་ལ་ནི་མདོ་སྡེའི་སྡེ་སྣོད་ཅེས་བྱའོ།། ཆོས་མངོན་པའི་སྡེ་སྡོད་གང་ཞེ་ན། འདི་ལྟ་སྟེ། དྲི་བ་དྲུག་པ་དང་། ཡང་དག་པར་སྦྱར་བ་བསྡུས་པ་ལ་ནི་མངོན་པའི་སྡེ་སྣོད་ཅེས་བྱའོ།། དེ་ལ་འདུས་པའི་སྡེ་སྣོད་གང་ཞེ་ན། འདི་ལྟ་སྟེ།
5b2 དགེ་སློང་གི་འདུལ་བ་དང་། དགེ་སློང་མའི་འདུལ་བ་དང་། མ་མོ་འི་འདུལ་བ་དང་། འདུལ་བའིམ་མོ་སྟེ། ཚེ་དང་ལྡན་པ་དག་དེ་དག་ལ་འདུལ་བའི་སྡེ་སྣོད་ཅེས་བྱས་འོ།། འདི་དག་ན་སྐྱེས་པའི་རབས་སྟེ། རྟོགས་པར་མརྗོད་པ
5b3 རབས་དང་། རང་སངས་རྒྱས་ཀྱི་རབས་དང་། སངས་རྒྱས་ཀྱིས་གསུངས་པ་དང་། རང་སངས་རྒྱས་ཀྱི་བསྟནད་པ་དང་། བྱང་ཆུབ་སེམས་དཔའ་བསྟནད་པ་དང་ཉན་ཐོས་ཀྱིས་བསྟན་པ་དང་། ལྷས་བསྟནད་པ་དང་། འབྱུང
5b4 བ་བསྡུས་པ་དང་། ཆོས་ངེས་པར་བསྡུས་པ་དང་། ཐ་ན་ཚིགས་སུ་བཅད་པ་ཅིག་གསུངས་པར་གྱུར་པ་དང་། ཀླགས་པར་གྱུར་ང་པ་དང་། གཟུང་བར་གྱུར་ད་པ་དང་། གླེགས་བམ་དུ་བྲིས་པར་གྱུརྡ་པ་དང་།
5b5 ཆོས་སྨྲ་བ་ལ་མཆོད་པར་གྱུར་ད་པ་དང་། དེ་དག་དང་རང་སངས་རྒྱས་ལ་མཆོད་པར་གྱུརྡ་པ་དང་། དྲྀ་དང་། འཕྲེང་བ་དང་། བྱུག་པ་ད་8། སྤོས་དང་། མར་མྱེ་དང་། གདུགས་དང་། རྒྱལ་མཚན
5b6 དང་། བ་དད་གླེགས་བམ་ལ་ཁ་དོག་སྣ་ཚོགས་པའི་གོས་རྣམས་གཡོ་ཀས་བཤིང་བཀྲིས་པ་དང་། ལེགས་ཤིང་མཆོག་བྱས་པར་གྱུ་རད་པ་དང་། གླེགས་ཐག་ཁ་དོག་སྣ་ཚོགས་པས། གླེགས་བམ
5b7 བཅིངས་པར་གྱུར་པས་དགེ་བའི་རྩ་བ་བསྐྱེད་པའི་དེ་དག་ཐམས་ཅད་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྱམས་པའི་གསུང་རབས་ལ་མྱོའི་ཐོབ་པ་རབ་ཏུ་ཐོབ་ནས། དད་པས་ཁྱིམ་སྤངས་སྟེ། སྒྲ་དང་། ཁ
5b8 བྲེགས་ནས། ཆོས་ཀོས་བགོས་ཏེ། ཁྱིམ་ནས་ཁྱིམ་མྱེད་པར་འདུས་པ་གཉིས་པ་ལ་རབ་ཏུ་བྱུང་སྟེ། སྨོན་ལམ་ཇི་ལྟར་བ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ།། ཚེ་དང་ལྡན་པ་དག་དེ་དག་ནི་རེ་ཞིག་ཆོས
5b9 ལ་དགེ་བའི་རྩ་བ་སྦུན་པ་ཡིན་མོ། འདི་ལྟར་འདི་དག་སྦྱིད་པ་པོ་དང་སྦྱིད་བདག་ཡིན་ཏེ། དགེ་འདུན་ལ་དགེ་བའི་རྩ་བ་བསྐྲུན་པ་དང་། བསྐྱེད་དུ་བཅུག་པ་ཡིན་ཏེ། ཇི་ལྟར་ཀྱར་འདྲེན་པ་སྦུབས་པ་དང་། དགེ་བ་ལ་འཛུད།