e-texts navigator
Collection
Volume
Page
Wylie

52a1 དངོས་པོ་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་ཞེས་ཀྱང་སེང་གེའི་སྒྲ་སྒྲོག་ཅིང་དེ་ལྟར་དགའ་བ་སྐྱེད་དོ།། ཚེ་དང་ལྡན་པ་གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས
52a2 པར་སངས་རྒྱས་ནས། རྣམ་པ་ཐམས་ཅད་མཁྱེནད་པ་ཉིད་ཡེ་ཤེས་ཀྱིས་གཟུགས་ཏེ།། འདི་སྐད་དུ་ནང་འམ། ཕྱི་རོལ་གྱི་འམ།། གཟུགས་ཡོད་པའམ། གཟུགས་མྱེད་པ་ཡང་རུང་སྟེ།། གང་བདག་གིས་ཡོངས་སུ་མ་བཏང་བའམ།། མ
52a3 བྱིན་པའམ། མཆོད་སྦྱིན་མ་བྱས་པའི་ཆོས་དེ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། གང་གི་ཕྱིར་བདག་གིས་དངོས་པོ་དེ་ཡང་དག་པར་རྗེས་སུ་མྱི་མཐོང་བའི་ཕྱིར།། བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས
52a4 པར་སངས་རྒྱས་ནས། གང་བདག་གིས་མངོན་པར་རྫོགས་པར་སངས་མ་རྒྱས་པའམ། ཡོངས་སུ་མ་ཤེས་པའི་ཆོས་དེ་སྔ་དག་པར་རྗེས་མྱི་མཐོང་ངོ་།། ཇི་ལྟར་ཆོས་དེ་སྔ་དག་པ་རྗེས་སུ།། མྱི་མཐོང་བ་དེ་ལྟར་བདག་བླ་ན་མྱེད་པ་ཡང
52a5 དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་ཐམས་ཅད་ལ་ཕ་རོལ་ཏུ་ཕྱིནད་པ་དམ་པ་ཐོབ་སྟེ། གང་བད། ག་གིས་མངོན་པར་རྫོགས་པར་སངས་མ་རྒྱས་པའམ། ཡོངས་སུ་མ
52a6 ཤེས་པ་དེ་ཅི་ཡང་མྱེད་དོ།། ཇི་ལྟར་གང་བདག་གིས་ཡོངས་སུ་མ་བཏང་བ་འམ། མ་བྱིན་པ་དེ་ཅི་ཡང་མྱེད་པ་དེ་ལྟར་བདག་གིས་ཆོས་གང་མངོན་པརརྫོགས་པར་སངས་རྒྱས་པའམ། ཡོངས་སུ་མ་ཤེས་པའི་ཆོས་དེ་ཡང
52a7 དག་པར་རྗེས་སུ་མྱི་མཐོང་ངོ་།། ཞེས་སེང་གེའི་སྒྲ་སྒྲོགས་གོ།། ཚེ་དང་ལྡན་པ་གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ནང་དང་ཕྱི་རོལ་གི་དངོས་པོ་རྣམས་ཡོངས་སུ་བཏང་བས་ན། ནང་དང་ཕྱིའི་ཆོས་རྣམས་ལ
52a8 ཆོས་གང་མངོན་པར་རྫོགས་པར་སངས་མ་རྒྱས་པའམ། ཡོངས་སུ་མ་ཤེས་པའི་ཆོས་མི་ཡང་ཡང་དག་པར་རྗེས་སུ་མ་མཐོང་སྟེ།། ཚེ་དང་ལྡན་པ་གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པའི་ཕ་རོལ་ཏུ་ཕྱིནད་པ་ལ་དེ
52a9 ལྟར་བསླབ་པར་བྱའོ།། བྱང་ཆུབ་སེམས་དཔའ་དེ་ལྟར་སློབ་ན། བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཕྱིར་མྱིང་ཐོབ་ཅིང་རྣམ་པ་ཐམས་ཅད་མཁྱེནད་པ་ཉིད་ཀྱི་སེམས་དང་མྱི་འབྲལ་བར་འགྱུར་རོ།། གང་ཚེ་བྱང་ཆུབ་སེམས




iiif viewer powered by OpenSeadragon

51b - 52b

Texts on this page

Ng14.7 - 'phags pa pha rol tu phyin pa lnga bstan pa zhes bya ba theg pa chen po'i mdo