e-texts navigator
Collection
Volume
Page
Wylie

4b1 རབས་ལ། མྱི་འཐོབ་པ་རབ་ཏུ་ཐོབ་ནས། འདུས་པ་དང་པོ་ལ་དད་པ་དང་ལྡན་པས་ཁྱིམ་ནས་བྱུང་ནས་སྐྲ་དང་ཁ་སྤུ་བྲེགས་ཏེ། ཆོས་གོས་གྱོན་ནས་ཁྱིམ་མྱེད་པ་རབ་ཏུ་བྱུང་སྟེ།། སྨོན་ལམ་ཇི་ལྟ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདའོ
4b2 ཚེ་དང་ལྡན་པ་དེ་དག་ནི་རེ་ཤིག་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྲུན་པ་ཡིན་ནོ།། ཡང་གང་དག་སྣང་བ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་པོ།། བཅོམ་ལྡན་འདས་ཤག་ཀྱ་ཐུབ་པའི་ཆོས་ཀྱི་བདུད་རྩི་ལ་དགེ་བ་བསྐྱེད་པར་གྱུར་ད་ཅིང་། བསྐྱེད་དུ་བཅུག
4b3 བ་དང་། བྲིས་པ་དང་། བྲྀར་བཅུག་པ་དང་། བྲགས་པ་དང་། ཀློག་ཏུ་བཅུག་པ་དང་། གང་ཞིག་ཐེག་པ་ཆེན་པོའི་མདོ་སྡེ་ཟབ་མོ་ཟབ་པར་གྱུར་ད་པ་སྟོང་པ་ཉིད་དང་ལྡན་པ། འདི་ལྟར་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་དང་། དམ་པ
4b4 ཆོས་པད་མ་དཀར་པོ་དང་། རྒྱ་ཆེར་རོ་ལད་པ་དང་། གསེར་འོད་དམ་པ་དང་། ཡོན་ཏན་འོད་མཆོག་དང་། སྟོང་པ་ཉིད་ཀྱི་འོད་མཆོག་དང་། ཕྱག་ན་རྡོ་རྗེ་གསང་བ་ལ་སོཚོགས་པ་དང་། སྒྱུ་མ་ལྟ་བུ་འི་ཏིང་ངེ་འཛིནད་དང་། ཆོ་འཕྲུལ་ཆེན
4b5 པོའི་ཏིང་ངེ་འཛིནད་དང་། བསོད་ནམས་ཐམས་ཅད་འདུས་པའི་ཏིང་ངེ། འཛིནད་དང་། འཕགས་པ་ཟླ་བ་སྒྲོན་མའི་ཏིང་ངེ་འཛིན་དང་། དེ་བ་ཞིན་གཤེགས་པའི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་དང་། གཟི་བརྗིད་དང་ལྡན
4b6 བའི་ཏིང་ངེ་འཛིདད་དང་། བྱང་ཆུབ་ཀྱི་ཏིང་ངེ་འཛིད་དང་། བྱང་ཆུབ་འ་དུས་པ་དང་། སངས་རྒྱས་ཐམས་ཅད་ཡོངས་སུ་འཛིདད་པ་དང་། གླང་པོའི་རྩལ་དང་། སྤྲིན་ཆེན་པོ་དང་། སོར་མོའི་འཕྲེང་བ་དང་།
4b7 ལན་ཀར་གཤེགས་པ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་དང་། ཟ་བའི་སྙིང་པོ་དང་། ཉི་མའི་སྙིང་པོ་དང་། ནམ་མཁའི་སྙིང་པོ་དང་། སའི་སྙིང་པོ་དང་། བྱམས་པས་ཞུས་པ་དང་། ཚངས་པས་ཞུས་པ་དང་། ལེགས
4b8 བའི་མཚམས་ཀྱིས་ཞུས་པ་དང་། དྲག་ཞུས་བྱིན་ཀོས་ཞུས་པ་དང་། དྲག་ཤུལ་ཅན་གིས་ཞུས་པ་དང་། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་དང་། རྒྱས་པས་ཞུས་པ་དང་། རྒྱ་བྱིན་གོས་ཞུས་པ་དང་། ལག་ན་རིན་ཅེན་གིས་ཞུས
4b9 བ་དང་། རྩིའམ་ཅིའི་རྒྱལ་པོ་སྡོམ་པས་ཞུས་པ་དང་། དཔའ་བོའི་ནམ་མཁས་ཞུས་པ་དང་། བུ་མོ་འོད་ལྡན་མས་ཞུས་པ་དང་། བུ་མོ་རིན་ཅེན་ལས་ཞུས་པ་དང་། བུ་མོ་གསེར་ཀ་འོད་མཆོག་གིས་ཞུས་པ་དང་། བང་སའི་རྒྱལ




iiif viewer powered by OpenSeadragon

4a - 5a

Texts on this page

Ng14.1 - 'phags pa dga' ba'i bshes gnyen gyi rtogs pa brjod pa zhes bya ba