e-texts navigator
Collection
Volume
Page
Wylie

49a1 ཅད་མཁྱེནད་པ་ཉིད་ཡོངས་སུ་རྫོགས་པར་གྱུར་ད་ཅིག་ཅེས་ཡོངས་སུ་བསྔོ་བར་བྱའོ།། ཇི་ལྟ་ཇི་ལྟར་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་ཡོངས་སུ་སྔོ་བར་བྱེད་པ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱི་ནད་པ་རྣམས་ཡོངས་སུ་འཛི་ནད་ཅིང
49a2 རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་ཏེ།། གང་གི་ཚེ་སྦྱིན་པ་ཆུང་ངུ་ཡང་དཔག་ཏུ་མྱེད་པར་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་མཁས་པ་ཡིན་པར་རིག་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན།
49a3 རྣམ་པ་ཐམས་ཅད་མཁྱེནད་པ་ཉིད་དཔག་ཏུ་མྱེད་པའི་ཕྱིར་རོ།། ཚེ་དང་ལྡན་པ་གང་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་སྦྱིན་པ་ན། བདག་གི་སྦྱིན་པ་འདི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མ
49a4 གཏོགས་པ་གཞན་དུ་རྣམ་པར་སྨིནད་པར་མ་གྱུར་ད་ཅིག་ཅེས་དེ་ལྟར་སེ་མས་བསྐྱེད་པར་བྱའོ།། གལ་ཏེ་ཡོངས་སུ་སྔོ་བར་བྱེད་ན།། སྦྱིན་པའི་ཕ་རོལ་ཏུ་ཕྱིནད་པ་ཞེས་བྱ་བའི་གྲངས་སུ་འགྲོའོ།། ཇི་སྟེ་ཕྱིས་ཡུན
49a5 ཅིང་མོ་ཞིག་ལོན་ནས་ཡོངས་སུ་སྔོ་བར་བྱེད་ཅིང་རྣམ་པ་ཐམས་ཅད་མ་ཁྱེནད་པ་ཉིད་ཡིད་ལ་བྱེད་ན་ཡང་དེ་བཞིན་དུ་ཕ་རོལ་ཏུ་ཕྱིནད་པའི་གྲངས་སུ་འགྲོའོ།། ཚེ་དང་ལྡན་པ་གང་པོ་གཞན་ཡང་བྱང་ཆུབ་སེམས་དཔའི
49a6 སྦྱིན་པའི་ནི་ཉུང་ངུ་ཟིནད་ཀྱང་མང་བར་རིག་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། རྣམ་པ་ཐམས་ཅད་མཁྱེནད་པ་ཉིད་དུ་ཡོངས་སུ་བསྔོས་པའི་ཕྱིར་རོ།། སྦྱིན་པ་མང་པོ་ཡང་ཉུང་ངུར་འགྱུར་བར་ཡོད་པར་རིག་པར་བྱ་སྟེ།། དེ་ཅིའི་ཕྱིར་ཞེ་ན། འོད
49a7 ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་མ་བསྔོས་པའི་ཕྱིར་རོ།། ཚེ་དང་ལྡན་པ་དེ་ཡང་གལ་ཏེ་ཕྱིས་ཡུན་རིང་མོ་ཞིག་ལོན་ནས་ཡོངས་སུ་སྔོ་བར་བྱེད་ན་ཡང་སྦྱིན་པའི་སྤྲ་བོར་ཏེ།། སྦྱིན་པའི་ཕ་རོལ་ཏུ་ཕྱིནད་པའི་སྒྲ་ཐོབ་པར
49a8 འགྱུར་རོ།། ཚེ་དང་ལྡན་པ་གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། འཁོར་བ་ཐོག་མ་མྱེད་པ་ནས་འཁོར་བ་ན།། རྣམ་པ་ཐམས་ཅད་མཁྱེནད་པ་ཉིད་ཡང་དག་པར་མ་བརྗོད་པར་སྦྱིནད་པ་བྱིན་པ་གང་ཡིན་པ་དེ་ཡ
49a9 བྱང་ཆུབ་སེམས་དཔའ་ས་ཟབས་ལ་མཁས་པ་ལ་བརྟེན་ནས་ཕ་རོལ་ཏུ་ཕྱིནད་པར་ཡོངས་སུ་སྔོ་ཞིང་རྣམ་པ་ཐམས་ཅད་མཁྱེནད་པ་ཉིད་ལ་དམྱིགས་པར་བྱེད་ན། བྱང་ཆུབ་སེམས་དཔའི་སྦྱིན་པའི་ཕ་རོལ་ཏུ་ཕྱིནད་པ་ཡིན་པར




iiif viewer powered by OpenSeadragon

48b - 49b

Texts on this page

Ng14.7 - 'phags pa pha rol tu phyin pa lnga bstan pa zhes bya ba theg pa chen po'i mdo