| e-texts navigator |
| Wylie |
48a1 ཐམས་ཅད་མཁྱེནད་པ་ཉིད་དུ་ཡོངས་སུ་བསྔོ་བའི་མོས་པ་དེ་ནི་མྱེད་ཀྱི།། སྦྱིན་པ་དེ་ཉན་ཐོས་སུ་ཡོངས་སུ་སྔོ་བ་འདི་ནི།། བྱང་ཆུབ་སེམས་དཔའི་ཐེག་པ་པ་དང་།། ཉན་ཐོས་ཀྱི་ཐེག་པ་པ་དགྲ་བཅོམ་པའི་ས་ལ་གནས
48a2 པའི་ཐ་དད་དུ་དབྱེ་བ་ཡིན་ནོ།། ཚེ་དང་ལྡན་པ་གང་པོ་དཔེར་ན། སྐྱེས་བུ་ལ་ལ་ཞིག་སྦྱིན་པ་འདིས། བདག་ཚོང་དཔོན་ནམ་ཁྱིམ་བདག་གམ། ཚངས་པར་གྱུར་ད་ཅིག་ཅེས། སྦྱིན་པ་སྦྱིན་པ་དེ་བཞིན་དུ་ཉན་ཐོས་ཀྱི་ཟག་པའི་སྦྱིན་པར
48a3 བལྟའོ།། དེ་ནས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ།། ཚེ་དང་ལྡན་པ་འདི་ནི་ངོ་མཚར་ཆེ་སྟེ། ཤ་ར་དྭ་ཏིའི་བུས་ཤི་ནད་ཏུ་ལེགས་པར་སྨྲས་སོ།། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དཔེར
48a4 ན། སྐྱེས་བུ་ལ་ལ་ཞིག་ཀར་ཤ་པ་ནེ་འབུམ་ཁྱེར་ད་ཏེ། ཁྱིམ་བདག་ཕྱུག་པོ་གང་ཡང་རུང་བ་ཞིག་གི་དྲུང་དུ་སོང་ནས།། འདི་སྐད་དུ་ཀ་ར་ཤ་པ་ནི་འབུམ་འ་དེ་དག་ཁྱོད་ལ་འབུལ་ཏེ།། བདག་ཀྱང་ཁྱོད་ཀྱི་ཟད་ན་འདུག་ཅང་བྱ་བ་དང
48a5 ཕྱིར་བྱ་བ་རྣམས་ལ་གཡོག་བགྱིད་དོ་ཞེས་ཟེར་བ་དེ་བཞིན་ཚེ་དང་ལྡན་པ་ཉན་ཐོས་ཀྱི་ཐེག་པའི་གང་ཟག་རྣམས་སྦྱིན་པ་སྦྱིན་ཞིང་། དེ་བཞིན་ག། ཤེགས་པའི་ཞམ་རིང་དུ་ཁས་ལེནད་ཏེ།། བྱང་ཆུབ་སེམས་དཔའ
48a6 སེམས་དཔའ་ཆེན་པོ་ནི་དེ་སྔར་སྦྱིན་པ་སྦྱིན་པར་མྱི་བྱེད་དེ།། འདི་ནི་བྱང་ཆུབ་སེམས་དཔའི་གྱོད་པ་དང་། ཉན་ཐོས་ཀྱི་སྦྱིན་པ་སྦྱིན་པའི་ཁྱད་པར་དུ་བྱེ་བ་ཡིན་ནོ།། ཚེ་དང་ལྡན་པ་གང་པོ་དཔེར་ན། རྒྱལ་པོ་འི་བཙུན་མོའི།
48a7 འཁོར་ཀྱི་བུད་མྱེད་གཅིག་གིས་གསེར་འབུམ་ཁྱེར་ཏེ།། ཚོང་དཔོན་ནམ་དེད་དཔོན་གང་ཡང་རུང་བའི་དྲུང་དུ་སོང་ནས་འདི་སྐད་དུ་གསེར་འབུམ་འདི་དག་ཀྱང་ཁྱོད་ལ་འབུལ།། བདག་ཀྱང་ཁྱོད་ཀྱི་གཡོག་བགྱིད་ཅིང་། སྔར་ལྡང་བ་དང། ཕྱིས
48a8 ཉལ་བ་དང་། ཁྱོད་ཅི་དགྱེས་པ་བཞིན་འཔྱོད་པར་བགྱིད་དོ་ཞེས་ཟེར་བ་དེ་བཞིན་དུ། ཚེ་དང་ལྡན་པ་ཉན་ཐོས་ཀྱི་ཐེག་པ་པའི་གང་ཟག་སྦྱིན་པ་ཡང་སྤྱན་ཞིང་དེ་བཞིན་གཤེགས་པའི་ཉན་ཐོས་དུ་ཁས་ལེནད་ཏོ།། དེ་སྐད་ཅེས་སྨྲས་པ་དང་།
48a9 ཚེ་དང་ལྡན་པ་ཀ་ར་དྭ་ཏིའི་བུ།། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་ལ་འདི་སྐད་ཅེས་སྨྲས་སོ།། ཚེ་དང་ལྡན་པ་སྦྱིན་པ་དེ་ཉིད་ཡོངས་སུ་བཏང་དུ་འདྲ་ན།། གཅིག་ནི་ཉན་ཐོས་ཀྱིས་ཡོངས་སུ་འཛིནད་པར་གྱུར་ད་ལ།། གཅིག་ནི་རྣམ་པ།