e-texts navigator
Collection
Volume
Page
Wylie

47b1 རང་སངས་རྒྱས་ཀྱི་སར་བསྔོས་པ་ནི་དེ་སྙ་མ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། དེའི་འཇིགས་པ་དེ་དེ་ལགས་པར་འཆལ་པར་བགྱི་བའི་སླད་དུའོ།། དེ་ནས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས།། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི
47b2 གདཔེས་སྨྲས་སོ།། ཚེ་དང་ལྡན་པ་ཅིའི་ཕྱིར་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པའི་འཇིགས་པ་ཡི་པ་ཤེས་པར་བྱའོ།། རྣས་པ་ཉིན་ཐོས་རྣམས་དང་འབྲས་བུ་མཉམ་པར་འགྱུར་འོང་བས་དེ། རང་ཀྱི་འཛི
47b3 པ་ཡིན་པ་ཤེས་པར་བྱའོ།། དེ་རས་ཚེ་དང་ལྡན་པ་བྱམས་མའི་བྲ་གང་ཐོས།། ཚེ་དང་ལྡན་པགལའང་ཏིའི་བུལ་འདི་སྐད་ཅེས་སྨྲས་སོ།། མེ་དང་ལྡན་བ་ཀར་ད་ཏིའི་བུ་བྱང་ཆུབ་སེམས་དཔའ་སྦྱིན་པ་སྦྱིན་པ་གང་ཡིན་པ་དང་། ཉན་ཐོས་དྲན
47b4 བ་མངོན་སུམ་དུ་བྱ་བར་འདོད་པ། སྦྱིན་པ་སྦྱིན་པ་གང་ཡིན་པ་འདིས་བྱེ་ཟུག་ནི་ཅི་ཡོད། ཐ་དད་དུ་དབྱེ་བ་ནི་གང་ཡིན།། སྨྲས་པ།། ཚེ་དང་ལྡན་པ་གང་པོ་བ་དད་དུ་དབྱེ་བ་ནི་འདི་ཉིད་ཡིན་ཏེ།། གཅིག་ནི་གང་ཉན་ཐོས་ཀྱིས
47b5 ཡོངས་སུ་སྔོ་བར་བྱེད་ལ། གཅིག་ཤོས་ནི་རྣམ་པ་ཐམས་ཅད་མཁྱེན་། པ་ཉིད་དུ་ཡོངས་སུ་སྔོ་བར་བྱེད་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཆེད། ང་ལྡན་པ་དཔེར་ན་སྐྱེས་བུ་ལ་ལ་ཞིག་བདག་རྒྱལ་པོར་གྱུར་ཀྱང་ཅི་མ་རུང
47b6 སྙམ་དུ།། རྒྱལ་པོའི་ས་ལ་དམྱིགས་ནས།། སྦྱིན་པ་སྦྱིན་པ།། སྐྱེས་བུ་གཅིག་ཤོས་ནི་བདག་རྒྱལ་པོ་དེའི་ཡུལ་ན་གནས་ཀྱང་ཅི་མ་རུང་སྙམ་དུ་མ་ངག་གཞུག་པར་ཁས་ལེན་པར་འདོད་དེ།། སྦྱིན་པ་སྦྱིན་ཞིང་དེ་ལྟར་ཡོངས
47b7 སུ་སྔོན། སྐྱེས་བུ་དེས། སྐྱེས་བུ་སྔ་མ་དེས་དམྱིགས་པའི་རྒྱལ་པོའི་ས་གྲང་ཡིན་པ་དེ་ཉིད་ནོར་པར་རུས་སུམ།། མེ་དང་སྙན་པ་ཀང་པོ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྣམ་པ་ཐམས་ཅད་མཁྱེནད་པ་ཉི
47b8 ལ་དམྱིགས་ནས། སྦྱིན་པ་སྦྱིན་ཞིང་ཡོངས་སུ་བསྔོལ། ཉན་ཐོས་ཀྱི་ཐེག་པ་པ་ནི་སྦྱིན་པ་གང་སྦྱིན་པ་དེ། ཉན་ཐོས་ཀྱི་ས་ལ་དགྲ་བཅོམ་པ་ཉིད་དུ་ཡོངས་སུ་སྔོ་བར་བྱེད་དོ།། དེ་ལྟར་འཕགས་པ་ཉན་ཐོས། བྱང་ཆུབ་སེམས
47b9 དཔའི་ཉེ་གནས་སུ་འགྱུར་བར་འདོདན། སྐྱེས་བུ་དེས་སྦྱིན་པ་དེ་ཉིད་རྣམ་པ་ཐམས་ཅད་མཁྱེནད་པ་ཉིད་དུ་ཡོངས་སུ་སྔོ་བར་བྱེད་པའི་མཐུ་དང་ནུས་པ་ཡོད་དམ།། ཡང་ཚེ་དང་ལྡན་པ་གང་པོ་མོས་པ་དང་ལྡན་པས། སྦྱིར་བ་དེ་རྣམ་པ




iiif viewer powered by OpenSeadragon

47a - 48a

Texts on this page

Ng14.7 - 'phags pa pha rol tu phyin pa lnga bstan pa zhes bya ba theg pa chen po'i mdo