e-texts navigator
Collection
Volume
Page
Wylie

2a1 རྣམ་པར་ཐརྡ་པ་བརྒྱད་ལ་བསམ་གཏན་པ། མངོན་པར་ཤེས་པ་དྲུག་དང་ལྡན་པ་རྫུ་འཕྲུལ་ཆེ་བ་མཐུ་ཆེ་བ། དཔག་ཚད་བརྒྱ་སྟོང་ཕྲག་དུ་མ་ན་གནས་པའི
2a2 སེམས་ཅན་རྣམས་ལས་ཐ་ན་གྲོག་མོ་དང་། ཀུན་དེའི་ཡང་། སེམས་ཀྱི་མྱོང་བ་ཤེས་པ་བཞིན་གནས་ཏེ།། དེ་ཡོངས་སུ་མྱ་ངན་ལས་འདས་པའི་དུས་ཀྱི་ཆོ། དགེ་སློང་གི་དགེ་འདུན
2a3 འདུས་པ་ལ་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ་བཤད་དེ། འདི་ལྟར་དགེ་སློང་རྣཔས་ཐེ་ཙོམ་སྐྱེས་ནས་དྲིས་པ། གནས་བརྟན་ཡུལ་ཇི་སྲིད་ཅིག་གི
2a4 བར་དུ་བཅོམ་ལྡན་འདས་ཞག་ཀྱ་ཐུབ་པའི་དམ་པའི་ཆོས་གནས་པར་འགྱུར། དེས་སྨྲས་པ་བཞིན་བཟངས་དག་དོགས་པ་མྱེད་ཀྱིས་མྱ་ངན་དང
2a5 སྨྲེ་སྔགས་མ་འདོན་ཅིག། དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་དུས་ཀྱི་ཚེགནས་བརྟན་ཆེན་པོ་བཅུ་དྲུག་གི་ས་ག
2a6 ཏུངས་པའི་ཆོས་གདོན་པར་འགྱུར་ཏེ། སྦྱིན་བདག་དང་། སྦྱིན་པ་པོའི་སྦྱིད་པ་ཡོངས་སུ་དག་པར་བྱ་བའི་ཕྱིར་རོ། དེ་སྐད་ཅེས་སྨྲས་པ་དང་། གནས
2a7 བརྟན་དཀའ་བའི་བཤེས་གཉེན་ལ་དགེ་སློང་དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། གནས་བརྟད་བདག་ཅག་གིས་གནས་བརྟན་དེ་དག་གི་མཚན་ཡང་མྱི་འཚལ་ལོ། གནས
2a8 བརྟན་གིས་སྨྲས་པ། ཚེ་དང་ལྡན་པ་དག། ཀནས་གརྟན་དང་པོའོ།། མཚན་ནི་བ་ར་དཱ་ཙ་བསོད་སྙོམས་ལེན་ཞེས་བྱའོ།། གནས་བརྟན་གཉིས་པའི་མཚན་ནི་ཀ་སེར




iiif viewer powered by OpenSeadragon

1b - 2b

Texts on this page

Ng14.1 - 'phags pa dga' ba'i bshes gnyen gyi rtogs pa brjod pa zhes bya ba