| e-texts navigator |
| Wylie |
20b1 པོ་མཛེས་པ་དུས་བྱས་ནས་དད་པ་མྱེད་ཅེས་བྱ་བ་རྒྱལ་སྲིད་ལ་བཞག་མ།། རིན་པོ་ཆེའི་དེ་རྣམས་མ་བྱིན་པར་ལེན་པ་རྣམས་ཀྱིས་བརྐུས་ཏེ། ཕྱག་དར་དང་ཤིང་ཙམ་ཞིག་ལུས་པ་དང་། དེར་སྐྱེ་བོའི་ཚོ་གས་སོང་བ་དང་། མཆོད་རྟེན་རྣམ
20b2 བར་དེངས་པ་མཐོང་ནས།། ཀྱཻ་ཧུད་ཀྱི་ཧུད་སྡུག་བསྔལ་ལོ་ཞེས་ཡང་དག་པའི་ང་རོས་དུའོ།། ཚོང་དཔོན་ཀཽ་བུ་ཞིག་ཀྱང་འོངས་ནས་དེས་སྨྲས་པ། ཅིའི་ཕྱིར་དུ། དེ་རྣམས་ཀྱིས་སྨྲས་པ། ཡང་དག་པར་རྫོགས་པའི་སངས
20b3 རྒྱས་འཁོར་བ་འཇིག་མཆོག་རྟེན་རིན་པོ་ཆེ་སྣ་བཞིའི་རང་བཞིན་ཅན་ཞིག་ཡོད་དེ་ཞེས་བྱ་བ་ནས་དེ་རྣམས་ཀྱིས་རྒྱ་ཆེར་མཆོད་ཏེར་དེ་ལྗོན་བཞིན་དུ་བཞག་པར་གྱུར་ར་ཏོ་ཞེས་བྱ་བའི་བར་དུའོ།། དེ་ན་ཡང་དག་པར་རྫོགས་པའི
20b4 སངས་རྒྱས་འཁོར་བ་འཇོག་ཀཽ་སྐྲའི་ཚད་ཀྱི་སྐུ་གཟུགས་ཡོད་པ་ལས། དེ་ཞོག་པ་དང་། ལེགས་པར་གསོས་ཏེ་སྟོན་པ་འཞོར་བ་འཇིགས་ཅི་འདྲ་བའི་སྟོན་པ་མཉེས་པར་བྱེད་ཀྱི་མྱི་མཉེས་པར་བྱེད་པར་མ་གྱུར་དོ་ཅིག
20b5 ཅེས་སྨོན་ལམ་བྱས་སོ།། ཚེ་དང་ལྡན་པ་དག་འདི་ཇི་སྙམ་དུ་སེ། མས། ཚོང་དཔོན་ཀཽ་བུ་གང་ཡིན་པ་དེ་ནི་ཀུ་ན་ལ་འདི་ཉིད་ཡིན་ཏེ།། གང་དེར་བཅོམ་ལྡན་འདས་འཁོར་བ་འཇིག་གི་མཆོད་རྟེན་ལེགས
20b6 པར་གསོལ་བ་དེའི་ལས་ཀྱི་འབྲས་བུས་རིགས་མཐོན་པོར་སྐྱེས་བ་ཡིན་ལ། གང་སྐུ་གཟུགས་གསོལ་བ་དེའི་ལས་ཀྱིས་གཟུགས་བཟང་བར་སྐྱེས་པ་ཡིན་ལ། གང་ཡང་དག་པར་སྨོན་པར་བྱས་པ
20b7 དེའི་ལས་ཀྱི་འབྲས་བུས་དེ་དང་འདྲ་བའི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤག་ཀྱ་ཐུབ་པ་མཉེས་པར་བྱས་ཀཽ་མྱི་མཉེས་པར་མ་བྱས་སོ།། ། བདེན་པ་མཐོང་བར་བྱས་པ་གང་ཡིན་པ་དེ་ཡང་།
20b8 ཉོན་ཅིག་དགེ་སློང་དག་སྔོར་བྱུང་བ་འདས་པའི་དུས་ན།། ཡང་དག་པའི་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་དེ་ཉིད་ཀྱི་མཆོད་རྟེན་རིན་པོ་ཆེ་སྣ་བཞི་ལས་བྱས་པ། རྒྱལ་པོ་མཛེས་པས་བྱས་པ་དང་། མཆོད་རྟེན་དེ་ས་ལས
20b9 བྱས་སྐུ་གཟུགས་ཞིག་ཀྱང་བྱས་སོ།། ཅི་ཙམ་མཆོང་དཔོར་ཞིག་གི་བྱིས་པ་མ་དང་ལྷན་ཅིག་མཆོད་རྟེན་དེར་སོང་བ་དང་། དེ་བྱིས་པར་གྱུར་ད་པས་མདེའུ་བླངས་ཏེ་སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་བྱར་བྱུང་ངོ་།། ཇི་སྲིད་དུས་གཞན