e-texts navigator
Collection
Volume
Page
Wylie

18a1 པ་བུའི་སྡུག་བསྔལ་དོགས་པ་ཡིས།། ངའི་སེམས་ནི་ཞིམ་གྱུརརང་།། དེ་ནི་ངའི་ཐང་ཉིད་དུ།། མྱུར་བ་ཁོ་ནར་ཁྱེར་ལ་ཤོག། ཛཾ་སྲིད་ན་སྐྱེས་བུ་དེ་ཡང་གླང་པོའི་བློས་སུ་སོང་སྟེ།། ཀུན་སཱ་ལ་སྨྲས་པ། ཁྱེར
18a2 སུའི་བུ་ཡིན། ཁྱོད་ཀྱི་མྱང་ནི་ཅི་ཞེས་བྱ།། ཀུ་ན་ལས་སྨྲས་པ།། མྱ་ངན་མྱེད་པ་ཞེས་བྱའི་རྒྱལ།། དཔའ་བོའི་ནི་རིགས་དཀའ་བ།། གང་ཀཱིས་འདི་རྒྱས་པར་ནཾ། མངག་གཞུགས་པའི་ནི་དབང་དུ་གྱུར།། ད་ནི་རྒྱལ་པོ་དེའི་བུ།
18a3 ཀུ་ན་ལ་ཞེས་རྣམ་པར་གྲགས།། སངས་རྒྱས་ཉི་མའི་གཉེན་གྱུར་པ།། ཆོས་ཅན་སྲས་ཀྱང་ང་ཡིན་ནོ།། དེ་ནས་ཀུ་ན་ལ་ཆུང་མ་དང་ལྷན་ཅིག་རྒྱལ་པོ་མྱ་ངན་མྱེད་ཀྱི་གན་དུ་སོང་ངོ་།། དེ་ནས་རྒྱལ་པོ་མྱ་ངན་མྱེད་ཀྱིས་ཀུ་ན་སའི་མྱར།
18a4 ཕྱུང་བ་རླུང་དང་ཐན་པས་ལུས་ཚིག་པ། ཕྱག་དང་གཽ་དུམ་བུ་བསྡུས་པ་འིགོས་གྱོན་པ་དང་།། སྤད་དཀྲིས་བྱས་པས་ངོ་ཞེས་པར་མ་གྱུརྡ་ཀྱི། དདབྱིབས་ཙམ་ཞིག་མཐོང་ནས་སྨྲས་པ། བུ་ཁྱོད་ཀུ་མ་ས་འ་ཡིན་ནམ།
18a5 ལྷའི་དེ་ལྟ་ལགས་ཏེ་བདག་ནི་ཀུ་ནའོ།། དེ་ཐོས་པ་དང་། རྒྱལ་པོ་ད། རྒྱལ་ནས་ས་ལས་འགྱེལ་ཏེ། དེ་ནས་ཀུན་ལའི་གདོང་བལྟས་ན།། མྱིག་བྲལ་མྱ་ངན་གིས་ནི་སེམས་གདུངས་ཤིང་།། མྱ་ངན་མྱེད་པ
18a6 སར་ལྟུང་འདུ་ཤེས་བྲལ།། ཀྱེ་ཧུད་བུ་ཅིག་པུ་ཙིཀ་ཞེ་སར་སྤྲས།། ཙཾ་ཙམེ་ན་རྒྱལ་པོ་ཆུས་ཀ་ཏོར་ནས་ས་ལས་བསླང་སྟེ་སྟནད་ལ་གཞག་ཀོ། དེ་ནས་རྒྱལ་པོ་ཙོག་ལྟར་འདུ་ཤེས་རྙེད་ནས་ཀུ་ན་ལ་བང་བར་བཞག་སྟེ། སྨྲས་པ།
18a7 དེ་ནས་ཡུད་ཙམ་དབུགས་ཕྱུང་ནས་སུ།། མགུལ་བ་མཆིས་མར་བཅུ་འས་ཀུ་མ་ཁྱུད་དེ།། བུའི་གདོང་ལ་ཡོངས་སུ་ཕྱུགས་ནས་སུ།། རྒྱལ་པོ་རྣམ་པ་མང་དུ་སྨེ་བར་གྱུར་།། ཀུ་ན་ལ་དང་མཚུངས་པའི་མྱིག་བརྟགས་ནས།། ང་ཡིས་རང
18a8 བཞིན་དེའི་བྱིང་བཏགས་ཤིང་།། བུ་རའི་ཕྱོག་ནི་བྱུང་བ་ལ་བསྐུམ་ནས།། ཀུ་ན་ས་ཞེས་ཇི་སྟེར་སྨྲ་བར་བྱ།། ཡང་སྨྲས་པ། ཁྱེད་ཀྱི་མཛེས་ཤིང་མདངས་སྔརན་བཞིན་འདི་ནི།། རམ་མཁའི་ཟླ་བ་སྐར་མ་དང་བྲལ་ལྟར།། མཛེས
18a9 པ་ཕྱག་དང་བྲལ་བ་བྱེད་སུས་བྱས།། ནུ་སྟུག་རོ་ཞིག་སྨོས་ཞིག་སྨོས་ཤིག་དང་།། སྙིང་རྗེ་བྱེད་པའི་སེམས་ལྡན་སུའི་ལ་བྱེད། ནུབ་འདྲའི་འཕགས་པའི་བདེན་པ་རྟོགས་གྱུར་ད་བ།། ཁྱོད་ཀྱི་མྱིག་བབང་བཀྲ་ཕྱེད་འཁོན་འཟུང




iiif viewer powered by OpenSeadragon

17b - 18b

Texts on this page

Ng14.3 - ku na la'i rtogs pa brjod pa