e-texts navigator
Collection
Volume
Page
Wylie

76b1 གི་ལུས་ཀྱི་གཙོ་བོ་མ་ཡིན་པ་དེ་ཇི་ལྟར་དབང་སྒྱུར་དུ་འགྱུར།། དྲང་སྲོང་ཆེན་པོ་འདི་ལྟ་སྟེ་དཔེར་ན། སྲིན་བུ་མྱེ་ཁྱེར་འདི་སྙམ་དུ་བདག་གིས་འཛམ་བུ་གླིང་སྣང་བར་བྱའོ།། སྙམ་དུ་སེམས་པའི་རྐྱེ་ནད་ཀྱིས། སྲིན་བུ་མྱེ་ཁྱེར་གྱིས
76b2 འཛམ་བུའི་གླིང་སྡང་བར་བྱེད་དམ། སེམས་མ་རུལ་བ་ནི་དབང་སྒྱུར་ཡང་དག་པ་མ་ཡིན་ནོ།། དྲང་སྲོང་ཆེན་པོ་ཡང་གལ་ཏེ་དབང་སྒྱུར་ཉོན་མོངས་པ་འབྲི་བར་གྱུར་དན་ནི། ཁྱི་ལ་ཉོན་མོངས་པ་ཤས་ཆེ་བར་འགྱུར་རོ།། གང་གི་ཚེ།
76b3 དབང་སྦྱར་དང་། ཉོན་མོངས་པ་དག་ཁྱི་ལ་ཡང་ཡོད་ཅིང་། དབང་སྦྱར་ལ་ཡང་ཡོད་པ་དེའི་ཚེ། སེམས་ཅན་ལ་འགྲིབ་པ་ཡང་མྱི་དམྱིགས་འཕེལ་བ་ཡང་མྱི་དམྱིགས་སོ།། དྲང་སྲོང་ཆེན་པོས་གསོལྡ་པ། གོའུ་ཏ་མས་ཉོན་མོངས
76b4 པ་འགྲིབ་པར་མཛད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དྲང་སྲོང་ཆེན་པོ་ངས་ཕྱིན་ཅི་ལོག་དག་བཟློག་པ་ཡང་མྱེད། འགྲིབ་པར་བྱས་པ་ཡང་མྱེད་དྲང་སྲོང་ཆེན་པོས། གསོལ་པ། གལ་ཏེ་དེ་ལྟར་ན
76b5 ཁྱོད་ཀྱང་དབང་སྒྱུར་མ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲང་སྲོང་ཆེན་པོ་དེ་དེ་བཞིན་ཏེ། མ་བྱུང་བའི་ཕྱིར་ང་ཡང་། དབང་སྦྱར་མ་ཡིན་ནོ།། དྲང་སྲོང་ཆེན་པོས་གསོལ་པ།
76b6 ཀོའུ་ཏ་མ་བཀའ་མཆིད་འདི་རེ་ཤིག་ཞོག། ཀོའུ་ཏ་མའི་སྲས་ཀྱིས་ཕ་མ་འགྲོགས་པ་ལས། སེམས་ཅན་སྐྱེ་བོ་ཞེས་གསུངས་ན། སེམས་ཅན་མང་དུ་འགྲོགས་པ་ལས། སེམས་ཅན་སྐྱེ་བ་ཉུང་བར་གྱུར་ད་པ
76b7 འདི་ཇི་ལྟ་བུ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཁྱོད་ལ་དཔེའ་སྟན་པར་བྱའོ།། དྲང་སྲོང་ཆེན་པོ་འདི་ལྟ་སྟེ་དཔེར་ན་ས་བོན་གཅིག་ལས་ཤིང་སྐྱེ་བར་འགྱུར་ཏེ། འབྲས་བུ་གཅིག་ལས་ཀྱང་འབྲས་བུ་མཐའ་ཡས་པར་འགྱུར།
76b8 རོ།། དེ་ལ་རེས་འགའ་ནི་གཅིག་ས་བོན་གྱི་འོས་སུ་འགྱུར་གྱི་སྦག་མ་ས་བོན་གྱི་འོས་སུ་མྱི་འགྱུར་བ་དེ་ཇི་ལྟ་བུ། དྲང་སྲོང་ཆེན་པོས་གསོལ་ད་པ། ཀེ་ཀེའུ་ཏ་མ་རླུང་དང་ཉི་མས་ཤིང་ཐོག་རྣམས་མ་རུང་བར་བགྱིས་སོ།།
76b9 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ད་པ་དྲང་སྲོང་ཆེན་པོ་དེ་དེ་བཞིན་ཏེ། ལས་ཀྱི་རླུང་གིས་ཀྱང་སེམས་ཅན་འབྲས་བུ་རྣམས་མ་རུང་བར་བྱས་སོ།། དྲང་སྲོང་ཆེན་པོ་ཁ་ཅིག་ནི་མངལ་ན་གནས་པ་ཉིད་ཀྱི་ཚེ། སྲིམ་བུ




iiif viewer powered by OpenSeadragon

76a - 77a

Texts on this page

Ng13.5 - 'phags pa don dam pa'i chos kyi rnam par rgyal ba zhes bya ba theg pa chen po'i mdo