e-texts navigator
Collection
Volume
Page
Wylie

76a1 ཁྲོ་དང་། སོད་མན་སྡེའུ་དང་མོན་མན་ཀྲེའུ་དང་། ཏིས་དང་། ཡུངས་འཐུཙ་མ་འམ། སེམས་ཅན་ཅིམ་ཞིག་གི་རང་ད་མཆིས་བཀའ་སོལ་ཅིག། དེ་ནས་བཅོམ་ལྡན་འདས་ཀྱིས་དྲང་སྲོང་ཆེན་པོ་ཀྱེ་སྨོ་ས་དྲང་སྲོང་ཆེརན་པོ།།
76a2 ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་ནོ།། དྲང་སྲོང་ཆེན་པོ་ཆེ་བསྐལ་པ་དྲུག་བཅུ་པའི་དྲི་བ་དྲི་བ་འདི་ནི་འཐུན་པའོ།། དེ་ན་དྲང་སྲོང་ཆེན་པོ་རྣམས་པོ་མཚར་དུ་གྱུར་ད་ཏེ། དྲང་སྲོང་ཆེན་པོ་མྱེ་སྒོའི་ཚེའི་ཚད་ནི་མ་བརྗོད་པར་བདག་ཅག་སྨན་ཅིག
76a3 གནས་གནས་པ་རྣམས་ཀྱང་མ་ཤེས་ན། འདིས་ཇི་ལྟར་ཤེས་སྙམ་མོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲང་སྲོང་ཆེན་པོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ།། དྲང་སྲོང་ཆེན་པོ་ཀང་ངས་སེམས
76a4 ཅན་གྱི་སྐྱེ་བ་གང་ནས་བྱུང་ཞེས་སྨྲས་པ་དེ་ནི་ཡི་གེས་བརྗོད་པ་མ་ཡིན་པའོ།། སེམས་ཅན་ཞེས་བྱ་བ་ནི་མ་རིག་པའི་རྐྱེ་ན་ནས། སྐྱེ་བ་དང་། རྒ་ཤིའི་བར་དུ་འབྱུང་བའོ།། དྲང་སྲོང་ཆེན་པོ་ཡང་རྒྱུ་རྐྱེ་ནད་ལས་སེམས་ཅན་སྐྱེ་སྟེ་རྒྱུ་རྐྱེན་ནི་མ
76a5 དྲང་སྲོང་ཆེན་པོ་ཡང་ཕ་མས་འགྲོགས་པ་ནི་དེའི་རྒྱུའོ།། ཀང་གི་ཚེ་ཡོང་། ས་སུ་རྟོགས་པས་ཀུན་ནས་བསྲང་བའི་ལས་ཀྱི་རླུང་རྣམས་ཀྱིས་བུད་མྱེ། ད་ཀྱི་འོང་དུ་འཇུག་པ་དེ་ནི་དེའི་རྐྱེན་ནོ།། དྲང་སྲོང་ཆེན་པོ་ཡང་སྡུག
76a6 བསྔལ་འཕགས་པའི་བདེན་པ་དང་། སྡུག་བསྔལ་ཀུན་འབྱུང་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་ནི་སེམས་ཅན་ནོ།། ཉེ་བར་ལེན་པའི་ཕུང་པོ
76a7 ལྔ་དང་། ཁམས་བརྒྱད་ནི་སེམས་ཅན་ནོ།། དྲང་སྲོང་ཆེན་པོ་སེམས་ཅན་ཡང་གཞན་ལ་ལས་ཀྱང་གཞན་མ་ཡིན། ལས་ཀྱང་གཞན་ལ་སེམས་ཅན་ཡང་གཞན་མ་ཡིན་ནོ།། དྲང་སྲོང་ཆེན་པོ་སེམས་ཅན་ནི་འགྲིབ་པ་མ་ཡིན་འཕེལ་པ
76a8 ཡིན་ནོ།། དྲང་སྲོང་ཆེན་པོས་གསོལ་པ། ཀྱེ་གོའུ་ཏ་མ་ཀས་ཏེ། སེམས་ཅན་ལ་འགྲིབ་པ་མ་མཆིས། འཕེལ་བ་མ་མཆིས་ན། ཅིའི་སླད་དུ་སེམས་ཅན་ཕྱིའི་སྐྱེ་གནས་ནས་ཤི་འཕོས་ཏེ་དབང་སྒྱུར་དུ་འགྱུར།
76a9 བཅོམ་ལྡན་འདས་ཀྱིས་བཀའ་སྩལང་པ། དྲང་སྲོང་ཆེན་པོ་དེ་རིང་སྙེད་དུ་སྨྲས་པ་དེ་བཞིན་དུ་མ་ཡིན་ནོ།། གལ་ཏེ་དབང་སྦྱར་དབང་སྒྱུར་ཡིན་དུ་ཟིནན་མི་། དབང་མྱེད་པར་འཆི་བའི་མྱི་རིགས་སོ།། དྲང་སྲོང་ཆེན་པོ་གང




iiif viewer powered by OpenSeadragon

75b - 76b

Texts on this page

Ng13.5 - 'phags pa don dam pa'i chos kyi rnam par rgyal ba zhes bya ba theg pa chen po'i mdo