e-texts navigator
Collection
Volume
Page
Wylie

75b1 མཆིས་རྫུ་འཕྲུས་གསུང་རྣམས་ཀྱིས། བསྟནང་པའི་དགྲ་རྣམས་མོག་མོག་པོར་གྱུར་པར་མཛད། བསྟནད་པའི་འདྲེན་པ་ཁྱོད་ཀྱིས་དེ་རིང་ནི།། སངས་རྒྱས་སྲས་ལ་དུས་སྟོནད་ཆེན་པོ་མཛད།། འཁོར་འདི་ཐམས་ཅད་ཐེ་ཙོམ
75b2 འཚལ་བར་འགྱུར།། དགའ་བ་སྐྱེས་ཤིང་སེམས་ཀྱང་རབ་དགའ་སྟེ། གང་ཞིག་གནས་ནས་ལྷ་ཚོགས་བདག་ཅག་ཀྱང་།། འཇིག་རྟེནད་འགོན་པོ་སངས་རྒྱས་རྒྱུ་རད་ཅིག་མཆི།། འཇམ་དབྱངས་སངས་རྒྱས་མང་པོ་བསྙེན་བཀུར
75b3 བགྱིས།། སངས་རྒྱས་སྲས་པོ་མཐའ་ཡས་རྣམས་ཀྱིས་བསྐོར།། འཇམ་པའི་དབྱངས་ནི་འཁོར་གྱི་ནང་ན་མཆིས།། ཆོ་འཕྲུལ་རྣམ་པར་ཕྱེ་སྟེ་བསྟནང་དུ་གསོལ།། འདི་དག་ཆོས་ནི་གང་གི་ལྟས་ཤིག་ལགས།། ཐུབ་པ་ཆོས་ནི
75b4 གང་ཞིག་གསུང་བར་བཞེད། འཁོད་འདི་ཐམས་ཅད་འགྱོད་ཅིང་མཆིས་ལགས་ན།། སེམས་ཅན་ཐུགས་བརྩེ་བསྲད་དུ་བདག་ལ་གསུངས།། དེ་ནས་སངས་རྒྱས་ཀྱི་བྱིན་གྱི་བརླབས་ཀྱིས་འཁོར་དེའི་ནང་ནས།། དྲང་སྲོང་ཆེན་པོ
75b5 མྱེ་བ་སྨོན་ཞེས་བྱ་བ་གཅིག་གིས་བྱང་ཆུབ་སེམས་དཔའ་རྒྱལ་བའི་ཕུང་། པོ་ལ་འདི་སྐད་ཅེས་སྨྲས་སོ།། ཀྱེ་གཞོ་ནུ་རེ་ཤིག་ཁ་རོག་ཤིག། འོ།། བོས་དྲི་བ་དྲི་བར་བྱའོ།། གལ་ཏེ་ཁོ་བོའི་དྲ་བ་ཁོང་དུ་ཆུད་བར་བྱེད་ན་ནི
75b6 དེ་ཐམས་ཅད་མཁྱེན་པ་ཞེས་བྱ་བའི་མྱིང་ཡང་མཐུན་ནོ།། འོན་ཏེ། སྲེད་མྱེད་ཀྱི་བུ་དང་དབང་ཕྱུག་ཆེན་པོས་ཕུང་བའི་འགྲོ་ལྡིང་བ་རྣམས་ཀྱིས་སྤྲུལ་པ་བྱེད་དུ་ཟད་ན་ནི། འདིར་རོ་མཚར་ཡང་མྱི་ཆེ་སྟེ། སྐྱེས་བུ་ངན
75b7 བ་དང་། སྒྱུ་མ་མཞན་རྣམས་ཀྱིས་འདི་གྲུབ་པོ་དེ་ནས་བཅོམ་ལྡན་འདས་ཀྱིས། འཛུམ་པའི་ཞས་ཀྱིས་དྲང་སྲོང་ཀྱིས་ཚོགས་ལ་ཀུན་ཏུ་གཟིགས་ནས་དྲ་སྲོང་ཆེན་པོ་མྱེ་སྨོན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཚེ་དང་ལྡན་པ་དྲང་སྲོང་ཆེན
75b8 པོ་ཅི་ནུས་ཀྱི་དྲི་བི་དྲིས་ཤིག་དང་། རྣམ་པར་སྦྱང་བར་བྱའོ།། དེ་ནས་བཅོམ་ལྡན་འདས་ལ་དྲང་སྲོང་ཆེན་པོ་མྱེ་སྒྲོན་གྱིས་འདི་སྐད་ཅེས་གསོལ་ཏོ།། ཀེ་ཀོའུ་ཏ་མ་སེམས་ཅན་གྱི་སྐྱེ་བ་གང་ནས་བྱུང་། ཅིའི་སྲིད་དུ
75b9 བསྐལ་པས་བསེག་པར་འགྱུར། སེམས་ཅན་རྣམས་གནས་གང་དུ་འདུ་བར་འགྱུར། ནང་ན་སེམས་ཅན་ཕྲ་བ་ཁྲུ་ཀང་ཙམ་འམ། མཐོ་གང་ཙམ་འམ། འཛུམ་མོ།། ཙམ་འམ། མཐེ་བོ་ཙམ་འམ། ནས་དང




iiif viewer powered by OpenSeadragon

75a - 76a

Texts on this page

Ng13.5 - 'phags pa don dam pa'i chos kyi rnam par rgyal ba zhes bya ba theg pa chen po'i mdo