e-texts navigator
Collection
Volume
Page
Wylie

75a1 དཔེའ་མྱེད་པ་ཐོགས་ཏེ། འདིར་ལྤགས་སོ།། དེ་བཞིན་དུ་སྤ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། སྭ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མྱི་དང་མྱི་མ་ཡིན་པ་དུ་མ་རེ།
75a2 ངག་ཀྱང་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་ཀྱིགྱི་ཆོ་འཕྲུལ་དེ་མཐོང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་ངོ་།། དེ་ནས་གང་དག་ཕྱོགས་བཅུ་ནས་ལྷག་པའི་བྱང་ཆུབ་སེམས་དཔའ་དེ་དག་གིས་མཆོད་པ་བླ་ན་མྱེད་པས། བཅོམ་ལྡན
75a3 འདས་ལ་བསྙེན་བཀུར་བྱས་ཏེ། ཕ་རོལ་ཏུ་ཕྱིནད་པ་དྲུག་གིས་ཡོངས་སུ་བསྒྲུབས་པའི་སྟན་དག་ལ་འཁོད་དོ།། མྱི་དང་མྱི་མ་ཡིན་པའི་བར་དུ་ཡང་ཅི་རིགས་པའི་སྟན་དག་ལ་འཁོད་དོ།། གང་དག་བཅོམ་ལྡན་འདས་ཀྱིས་སྤྲུལ་པ
75a4 བྱུང་བ་དེ་དག་ཀྱང་མནར་མྱེད་པ་ཡན་ཆད་འོག་མྱིན་གི་གནས་མན་ཆད་དུ་མངོན་པར་བྱུང་སྟེ། ཡང་སླར་ལོག་གོ།། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་སྤྲུལ་པ་བྱུང་བ། ཇི་སྙེད་པ་དེ་དག་ཐམས་ཅད་ནི་བཅོམ་ལྡན་འདས
75a5 ཤག་ཀྱ་ཐུབ་པའི་སྤུའི་ཐུང་བུ་ཐམས་ཅད་དུ་ནུབ་བོ།། གང་དག་པཅོམ་ལྡན་འདས་ཀྱིས་སྤྲུལ་པ་ཕྱུང་བ་དེ་དག་ནི། སངས་རྒྱས་ཐམ། ས་ཅད་ཀྱི་སྐུ་རྣམས་སུ་ནུབ་བོ།། དེ་ནས་བྱང་ཆུབ་སེམས་དཔའ
75a6 སེམས་དཔའ་ཆེན་པོའི་རྒྱལ་པའི་ཕུང་པོ་ཞེས་བྱ་བ་སྟན་ལས་ལངས་ཏེ། པྲ་ཀོས་ཕྲད་པ་གཅིག་དུ་བཟར་རས། པུས་མོ་གཡས་པ་སྐངས་ལ་བཙུགས་ཏེ། བཅོམ་ལྡན་འདས་གལ་བ་དེ་ལོགས་སུཐ
75a7 མོ་སྦྱར་བས་བཏུད་ནས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་སོད་དོ།། ཀྱེ་མ་མྱི་རྣམས་ཀྱི་ནི་འདྲེན་པ་ཡིས།། སྔོན་ཆད་མ་བྱུང་མཛད་པར་སྣ་ཆོག་འདི། སྐྱེ་དགུ་ཀུན་ལ་སྦྱར་དུ་ཀུར་བསྟན་པ།
75a8 དེ་ཡིས་བདུད་སྡེ་ཐམས་ཅད་མོག་མོག་བགྱིས། ཕན་ཚུན་དག་ཏུ་ཚིག་དུ་སྨྲ་བགྱིད་པ། ཀྱེ་མའོ་ཤ་ནིད་ཏུ་ངོ་མཚར་ཆེ་ཞེས་མཆི།། བདག་ག་ཅི་ཞིག་ཕྱིར་ནི་འདིར་ལྤགས་ཀོ། བདག་ཅག་བཅོམ་མོ། བདག་ཅག་བཅོམ་ཞེས་མཆི།
75a9 དཀའ་ཐུབ་ཅན་བདག་དཀའ་ཐུབ་ཅན་མྱི་གྱུརང།། ཉམ་ཆུང་ལུས་ལ་པགས་པ་ཙམ་ཞིག་ལས།། བདག་འཁོགས་བདག་བསྐམས་བདེ་བ་རྣམས་ལས་ཉམས། བདག་ཅག་རྫུ་འཕྲུལ་ཐོབ་པར་གྱུརྡ་མ་ཡིན།། ཡི་གེ་མ




iiif viewer powered by OpenSeadragon

74b - 75b

Texts on this page

Ng13.5 - 'phags pa don dam pa'i chos kyi rnam par rgyal ba zhes bya ba theg pa chen po'i mdo