e-texts navigator
Collection
Volume
Page
Wylie

73b1 མས་སོ།། མེ་དང་ལྡན་པ་ཀོ་ལུ་རྒྱས་ཆོས་ཀུན་ཤེས་པས། དེའི་ཕྱིར་མེ་དང་ལྡན་པ་ཀོའུ་དེ་ནྱ་ཀུན་ཤེས། ཀོའུ་དི་ནྱ་ཞེས་ཚིག་ཐ་དགས་སུ་བཏགས་སོ།། མེ་དང་ལྡན་པ་ཀོ་དིརས་ཆོས་ཀུན་ཤེས་སོ་ནས།། ས་ཟླ
73b2 གནོད་སྦྱིན་རྣམས་སྤ་སྒྲོགས་པར་བྱེད་དོ།། གྲོགས་པོ་དག་བཅོམ་ལྡན་འདས་ཀྱིས་བ་ར་ན་སེར་དྲང་སྲོང་སྨྲ་བའི་རི་རིགས་ཀྱི་ནགས་སུ་ལན་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་བཉིས་སུ་ཆོས་ཀྱི་འཁོར་ལོ་ཆོས་དང་ལྡན་པ།། དགེ
73b3 སྤྱོང་དང་། བྲམ་ཟེ་དང་། ལྷ་འམ། བདུད་དམཚངས་པ་འམ་སུས་ཀྱང་འཇིག་རྟེན་དུ་ཆོས་དང་མཐུན་པར་མ་བསྐོར་བ་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ད་ལ་སྙིང་བརྩེ་བ་དང་། ལྷ་དང
73b4 མྱི་རྣམས་ཀྱི་དོན་དང་ཕན་པ་དང་། བདེ་བའི་ཕྱིར་བསྐོར་བས་ང་ལྷའི་རིས་མངོན་པར་འཕེལ་ཞིང་། ལྷ་མོ་ཡིན་གྱི་རིས་ཡོངས་སུ་ཉམས་སོ་ཞེས་དབྱངས་བསྒྲགས་སོ།། ས་པྲའི་གནོད་སྦྱིན་རྣམས་ཀྱི་སྒྲ་ཐོས་ནས།
73b5 ནམ་མཁའ་ལ་སྨྲ་བའི་གནོད་སྦྱིན་དང་། རྒྱལ་ཆེན་བཞི་པའི་རིས་དང་། སུམ་བཅུ་རྩ་གསུམ་ཁའི་ལྷ་དང་། འཐབ་བྲལ་དང་། དཀའ་ལྡན། དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྔ་རྣམས་ཀྱིས
73b6 སྐད་ཅིག་རེ་དང་ཐང་ཅིག་རེ་དང་ཡུད་ཙམ་དེ་དང་སྐད་ཅིག་དང་ག་ཐ་ཅིག་དང་། ཡུད་ཙམ་དེ་ལ་ཚངས་པའི་འཇིག་ཉིད་ཀྱི་བར་དུ་སྭ་བསྔགས་སོ།། ཚངས་རིས་ཀྱི་ལྷ་རྣམས་ཀྱིས་ཀྱང་སྦ་བ་སྤོགས་པར་བྱེད་དེ། གྲོགས་ཏེ།
73b7 དག་བཅོམ་ལྡན་འདས་ཀྱིས་པ་རན་སེར་དྲང་སྲོང་སྨྲ་བའི་རི་དགས་ཀྱི་གནས་སུ་སན་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་གཉིས་ཀྱི་ཆོས་ཀྱི་འམ་པོ་ཆོས་དང་སཱ་དཔ། དགེ་སློང་ངས། བྲམ་ཟེ་འམ། འམ་བདུད་དམ། ཚངས་ལམ།
73b8 སུས་ཀྱང་འཇིག་རྟེན་དུ་ཆོས་དང་འཐུན་པར་འགའ་ཡང་མ་བསྐོར་བ། སྐྱེ་བོ་མང་པོ་ས་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་དས་སྙིང་རྩེ་བ་དང་། སྭ་དང་མྱི་རྣམས་ཀྱི་དོན་དང་། ཕན་པ་དང་། བདེ་བའི་ཕྱིར
73b9 བསྐོར་བས། ལྷའི་རིས་མངོན་པར་འཕེལ་ཞིང་ལྷ་མ་ཡིན་གྱི་རིས་ཡོངས་སུ་ཉམས་སོ་ཞེས་དབྱིངས་བསྒྲགས་སོ།། བཅོམ་ལྡན་འདས་ཀྱིས་བ་ར་ན་སེར་དྲང་སྲོང་སྨྲ་བའི་རི་དགས་ཀྱི་ནགས་སུ་ལན་གསུམ་དུ་བཟླས་ཏེ




iiif viewer powered by OpenSeadragon

73a - 74a

Texts on this page

Ng13.4 - chos kyi 'khor lo'i mdo