e-texts navigator
Collection
Volume
Page
Wylie

73a1 མྱིག་སྐྱེས་སོ།། ཤེས་པ་དང་། རིག་པ་དང་། བྲོ་དང་རྟོགས་པ་སྐྱེས་སོ།། དགེ་སློང་དག་པ་ཇི་སྲིད་དུ་འཕགས་པའི་བདེན་པ་བཞི་པོ་འདི་རྣམས་ལ་དེ་ལྟར་ལན་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་གཉིས་སུ་བསྐོར
73a2 བའི་མྱིག་མ་སྐྱེས།། ཤེས་པ་མ་ཡིན། རིག་པ་མ་ཡིན། བློ་མ་ཡིན། རྟོགས་པ་མ་སྐྱེས་པ་དེ་སྲིད་དུ། ང་ལླ་དང་བཅས་པའི་འཇིག་རྟེནང་བདུད་དང་བཅས། ཚངས་པ་དང་བཅས། དགེ་སྦྱོང་དང་བྲམ་ཟེར་བཅས་པའི
73a3 སྐྱེ་དགུ་དང་། ལྷ་དང་མྱིར་བཅས་པ་འདི་ལས་གྲོལ་བ་དང་། ངེས་པར་བྱུང་བ་དང་མྱི་ལྡན་པ་དང་། རབ་ཏུ་གྲོལ་བ་དང་། ཕྱིན་ཅི་ལོག་དང་བྲལ་བའི་སེམས་ཀྱིས་མང་དུ་གནས་པར་མ་གྱུར་ཅིང་། དགེ་སློང་དག་ངས་བླ
73a4 ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བར་མྱི་ཤེས་སོ།། དགེ་སློང་དག་ངས་གང་ནས་འཕགས་པའི་བདེན་པ་བཞི་པོ་འདི་རྣམས་ལ་ད་ལྟར་ལན་གསུམ
73a5 དུ་བཟླས་ཏེ། རྣམ་པ་བཅུ་གཉིས་སུ་བསྐོར་བའི་མྱིག་སྐྱེས་ནི། བཤེས་པ་དང་། རིག་པ་དང་། བློ་དང་། རྟོགས་པ་སྐྱེས་པ་དེ་ན། ས་ང་སྠ་དང་བཅས་པའི་འཇིག་རྟེན། བདུད་དང་བཅས
73a6 ཚངས་དང་བཅས། དགེ་སྦྱོང་དང་བྲམ་ཟེར་བའི་སྐྱེ་དགུ་དང་ལྷ་དང་མྱིར་བཅས་པ་འདི་ལས་ཀྲོལ་བ་དང་། ངེས་པར་བྱུང་བ་དང་། མྱི་ལྡན་པ་དང་། རབ་ཏུ་གྲོལ་བ་དང་། ཕྱིན་ཅི་ལོག་དང་བྲས
73a7 བའི་སེམས་ཀྱིས་མང་དུ་གནས་པར་འགྱུར་ཅིང་། དགེ་སློང་དག་ངས་དེ་ནས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བར་ཤེས་སོ།། ཆོས་ཀྱི་རྣམ་གྲངས་དེ་བཀའ
73a8 སྩལ་པ་ན། ཚེ་དང་ལྡན་པ་ཀོའུ་དི་ནྱ་དང་། ལྔ་བརྒྱད་ཁྲི་ཆོས་རྣམས་ལ་ཆོས་ཀྱི་མྱིག་རྡུལ་མྱེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀོའུ་དི་ནྱ་ལ་བཀའ་སྩ་སྨད་པ
73a9 ཀོའུ་རྒྱ་ཁྱོད་ཀྱིས་ཆོས་ཀུན་ཤེས་སམ། བཅོམ་ལྡན་འདས་ཀུན་འདས་པ་ལགས་སོ།། ཀོའུ་དི་ནྱ་ཁྱོད་ཀྱིས་ཆོས་ཀུན་ཤེས་སམ་ཀུན་ཤེས་སམ། བདེ་བར་གཤེགས་པ་ཀུན་འཚལ་ལགས་སོ།། ཀུན་འཚལ




iiif viewer powered by OpenSeadragon

72b - 73b

Texts on this page

Ng13.4 - chos kyi 'khor lo'i mdo