e-texts navigator
Collection
Volume
Page
Wylie

136b1 མཐརྡ་ཀྱིས་བདེ་གཤེགས་གནས་རབ་དང་།། རྒྱལ་པོ་དག་ཏུའང་འགྱུར་བར་འོང་།། ཀུན་ནས་ཉོན་མོངས་ཆོས་རྣམས་དང་།། རྣམ་པར་བྱང་བའི་ཡིད་པ་ཀུན།། རྟག་ཏུ་ལུས་ཅན་ཐམས་ཅད་ཀྱི།། ས་ལ་ཀུན་གཞི་འབྱུང་བ་ཡན།། སྱ་དང
136b2 རྒྱུ་རྣམས་ལྷན་ཅིག་གམ།། འོན་ཏམ་སྤུ་དང་དབང་པོས་ཀྱང་།། གཙོ་བོ་རྐྱེན་དང་རྒྱུ་རྣམས་ཀྱིས།། འཇིག་རྟེན་རབ་ཏུ་བསྒྲུབ་པ་བྱས།། ཁྱད་པར་ཅན་གྱི་རྒྱུ་བརྗོད་པ།། ཇི་ནས་འབྱུང་བར་འགྱུར་པ་སྟེ།། རྒྱུ་མྱེད་རང་ཡང་མྱེད་པར་འགྱུར།།
136b3 བྱ་མྱེད་བྱེད་པ་འང་མྱེད་པར་འགྱུར།། རྣམ་པར་བྱང་དང་ཐ་མྱི་དད།། ཀུན་གཞི་ཐ་དད་འགྱུར་བ་མྱིན།། དེ་སྟེ་རྣམ་བྱང་ཐ་དད་ན།། ཀུན་གཞི་རྟག་པ་མ་ཡིན་འགྱུར།། སྔོན་མྱེད་འཇིག་མྱེད་རྟག་པ་སྟེ།། མཐའ་བཞི་རྣམ་པར་སྤངས།
136b4 པ་ཡིན།། དེ་བཞིན་གཤེགས་པའི་སྙིང་པོ་དག། ཡུལ་པ་ཡེ་ཤེས་སླར་ཡང་གྲགས།། ཕན་ཚུན་སྙིང་པོ་ཐ་མྱི་དད།། ད་ཆུ་བཞིན་གན་སན་རྫོག་སུ་གནས།། ཤེན་པ་ཤིང་པོ་དིས་ད། དམ་དེ་ལ་སུ་གནི་ས། དེ་བནིན
136b5 གཤེགས་པ་སྟོནད་པ་མཛད།། སྙིང་པོ་ཀུན་གཞིར་བསྒྲགས་པར། ཡང་།། བློ་ཞན་རྣམས་ཀྱིས་མྱི་ཤེས་སོ།། གསེར་མགར་མཁས་པ་རྣམས་ཀྱིས་ན།། གསེར་ལས་སོར་རྔུབ་བྱས་པ་ནི།། སོར
136b6 མོ་རྣམས་ལ་རྣམ་པར་མཛེས།། ཕན་ཚུན་ཐ་དད་མཚན་ཡིན་ཏེ།། སོར་གདུབ་ཞེས་ཀྱང་བརྗོད་མོད་ཀྱི།། ལས་ཀྱི་མཁན་པོས་ཡོངས་བསྒྱུར་བས།། གསེར་ནི་གཟུགས་བཞིན་རབ་ཏུ་གནས།། ཆོས་མཐོང་རྣལ་འབྱོརྡ
136b7 ལྡན་པ་ཡི།། སེམས་དང་རྣམ་པར་ཤེས་པའི་ཡུལ།། འདུན་པོའི་ས་ནི་རྙེད་པ་དང་།། འབྱུང་བ་ལས་ཀྱང་རྣམ་པར་ལྡོག། འཕགས་པ་མཐོང་བའི་ཆོས་ལྡན་གི།། སོ་སོ་རང་རིག་མཐོང་བ་དང་།། སྱཻ་དང་བདག་གི་ལེགས
136b8 འཕག་པ།། ཐམས་ཅད་བརྗོད་པར་མྱི་ནུས་སོ།། ཅི་སྙེད་ཡུལ་ཡོད་མི་ཡང་རུང་།། སེམས་དང་རྣམ་ཤེས་སྤྱོད་ཡུལ་དུ།། སྣ་ཚོགས་སྣང་བ་དེ་དག་ཀྱང་།། རྣམ་ཤེས་ཡིན་ཏེ་ཡུལ་མྱེད་དོ།། སེམས་མི་རྣམ་པ་གཉིས
136b9 དངོས་སུ།། གཟུང་དང་འཛིནད་པར་སྣང་བ་སྟེ།། རྫུ་འཕྲུ་སྣམ་བུ་བསྩོགས་པ་ཡི།། ཡུལ་ནི་གང་ཡང་ཡོད་པ་མྱན།། ཇི་ལྟར་རི་རེ་བརྟེན་བྱས་ཤིང་།། ཉི་ཟླ་གཟའི་ཚོགས་ཀྱི་རྣམས།། འབྲལ་བ་མྱེད་པར་རྟག་ཏུ་འཁོར




iiif viewer powered by OpenSeadragon

136a - 137a

Texts on this page

Ng12.3 - 'phags pa rgyan stug po bkod pa zhes bya ba theg pa chen po'i mdo