| e-texts navigator |
| Wylie |
136a1 ཀུན་ནས་གནས།། ཀུན་གཞི་དེ་ཕྱིར་འབྱུང་བ་སྟེ།། བག་ཆགས་རྣམས་ཀྱི་རི་ཁྲོད་གནས།། ཡིད་ཀྱི་གནས་ངན་ལེན་གིས་གཡོགས།། ཡིད་ཀྱི་རྣམ་ཤེས་པྱོད་པ་ཡིས།། ཡིད་ནི་ཕྱིན་ལོགས་རྒྱས་པར་བྱས།། རྣམ་ཤེས
136a2 ལྔ་པོ་ཡུལ་ཅན་དག། འབྱུང་ཞིང་ཕྱིར་ཡང་ལྡོག་པ་ཡིན།། རྣམ་ཤེས་ལྔའི་ཡུལ་རྣམས་ནི།། སེམས་ཅན་བཞིན་གནས་ལུས་ཅན་ལ།། ཀུན་གཞིར་གྲགས་པའི་ཆུ་ཀླུང་ལས།། དཔའ་རླབ་བཞིན་དུ་རབ་ཏུ་འབྱུང་།། ནམ་ཤེས་ཀུན་གཞི
136a3 མཚོར་གནས་པ།། བག་ཆགས་རྣམས་ཀྱིས་བརྙོགས་པའི་རྣམས།། ཡུལ་གྱི་རླུང་གིས་བསྐྱོད་པ་དག། རྣམ་པར་རྒྱུན་ཆད་མྱེད་པར་རྒྱུ།། ཆོས་ལ་བདག་མྱེད་མཁས་པ་ཡི།། སངས་རྒྱས་རྣམས་དང་སངས་རྒྱས་སྲས།། བདེ་བར
136a4 གཤེགས་པའི་གནས་ཐོབ་སྟེ།། མངོན་སངས་རྒྱས་ཀྱིས་ཆོས་སྟོན་ཏོ།། ཕུང་པོ་གང་ཟག་བདག་མྱེད་པར།། རབ་ཏུ་རྣམ་ཕྱེ་མཐོང་བར་མི།། ཆོས་ཀྱི་དངོས་ཡོད་མ་བཤིག་པར།། ཉན་ཐོས་དེ་དག་མངོན་རྟོགས་འགྱུར།།
136a5 བདག་མྱེད་གཉིས་ལ་མཁས་པ་ཉིད།། རྒྱལ་བའི་སྲས་རྣམས་སྐོ། བར་བྱེད།། རྣམ་པར་བསྒོམས་ཤིང་སྤོང་བ་ནི།། ཚུལ་བཤད་བཞི། ན་དུ་ཡང་དག་མཐའ།། ཡང་དག་མཐའི་བདེ་མྱོང་ཞིང་།། སྙིང་རྗེ
136a6 མྱེད་པའི་སྲས་རྣམས་ནི།། སེམས་ཅན་དགོས་པའི་རྒྱུན་བཅད་པས་དེ་དག་སངས་རྒྱས་མྱི་འཐོའོ།། བསམ་ཡས་ཀྱེ་མ་ཡེ་ཤེས་འདི།། སེམས་ཅན་རྣམས་ཀྱི་བདེ་བ་སྐྱེད།། མཁྱེན་ཅིང་རྒྱལ་བ་རྒྱལ་སྲས
136a7 རྣམས།། བློ་ཆུང་རྣམས་ལ་ཚུལ་སྟོན་ཏོ།། ཇི་ལྟར་འདམ་ལས་བྱུང་བ་ཡི།། དགེག་པའི་མཚན་ལྡན་པད་མོ་དག། ཐུབ་པ་རྣམས་དང་ལྷ་དག་གི།། ཉེ་བའི་ལོངས་འཔྱོད་རྒྱུ་ཡིན་ནོ།། དེ་བཞིན་འཁོར་བའི་འདམ་མཚོ་ལས།།
136a8 རྒྱལ་བའི་སྲས་རྣམས་འབྱུང་བ་ནི།། སངས་རྒྱས་དྲི་མྱེད་རབ་རྙེད་ཅིང་།། ལྷ་ལ་ཡིད་དུ་འོང་བ་ཡིན།། བྱང་ཆུབ་སེམས་དཔའ་མྱི་རྣམས་དང་།། ལྷའི་ཁྲོད་དུ་ཁྱད་པར་དུ།། རྒྱལ་པོའི་ཞུ་མཆོག་འགྱུར་བ་སྟེ།། འཁོར་ལོ་ཅན་དུ་ཁྱད་པར
136a9 དུའོ།། ལྔ་ཡུལ་གནས་པའི་བདག་པོ་དང་།། དྲི་ཟ་རྣམས་ཀྱི་དེ་བཞིན་ཏེ།། ཐེག་ཆེན་ཡོན་ཏན་ལྡན་པ་ཡི།། ལུས་ཅན་རྣམས་ཀྱིས་རྟག་ཏུ་འཐོབ།། དེ་ཕྱིར་རྒྱལ་བའི་སྲས་རྣམས་ཀྱིས།། ཐེག་པ་ཆེ་ལ་བརྩོན་པར་གྱིས།།