e-texts navigator
Collection
Volume
Page
Wylie

135b1 འཇིགས་མྱེད་ཀྱིས།། རྡོ་རྗེའི་བློ་ལ་བཤད་པར་མཛོད།། ཏིང་འཛིན་ཡུལ་ནི་གང་ཞིག་ཡིན།། ཏིང་འཛིན་འདི་ཡི་མྱིང་ཡང་ཅི།། གང་ས་གནས་ཤི་བ་རྟུལ་འདིས་པ།། རྒྱལ་སྲས་ཁྱོད་ནི་བཤད་པ་མཛད།། རྒྱལ་བའི་སྲས་རྣམས་ཉན་པར
135b2 འདོད།། དབང་སྦྱར་བ་དག་ཀྱང་དེ་བཞིན་ནོ།། རྡོ་རྗེ་སྙིང་པོ་འཇིགས་བྱེད་ཀྱིས།། འཁོར་དུ་འདུས་པ་ཐམས་ཅད་དང་།། ཚུལ་འདི་བསམ་གྱིས་ཀྱི་ཁྱབ་དང་།། རྒྱལ་བའི་སྲས་ཀྱིས་མ་ཐུ་སྟོབས་དང་།། བློལ་འཛིན་པའི་མཐུ་ཀུན་དང་།། ནུས
135b3 སམ་མྱི་ནུས་ཞེས་བལྟས་ནས།། བློ་འཛི་ནད་མཐུ་ལྡན་མཐོང་བ་དང་།། རྒྱལ་སྲས་ཐམས་ཅད་མཐུ་ལྡན་གྱིས།། ཐམས་ཅད་མ་འགྱུར་མཉན་བྱོས།། གཞན་དུ་གྱུ་རད་པའི་ཚུལ་དགེ་བ།། དབང་སྒྱུར་ལྷ་ཡུལ་གནས་པ་དང་། ཐུབ
135b4 པ་རྣམས་ལ་བཤད་པར་བྱ།། ཐེག་པ་ཆེན་པོ་འོད་ཅན་གྱི།། ཏིང་འནད་ཡུལ་ནི་འདི་ཡིན་ཏེ།། དེ་ལ་གནས་ཤིང་རྒྱལ་སྲས་རྣམས།། ཚུལ་ད་གེ་རབ་ཏུ་སྟོནད་པར་བྱེད།། བྱེ་བའི་ཞིང་རྣམས་རབ་ཏུ་མཐོང་།། དེ་དག
135b5 མགོན་པོ་དེ་བཞིན་ནོ།། རྡུལ་གྱི་མཐའ་མར་ཐུག་པ་རྣམས།། དེ་དག། དེར་བཞི་ལ་སྟོན་ཏོ།། དགེའོ་དགེ་ཞེས་རབ་ཏུ་གསུང་།། འདི་ནི་རྣལ། འབྱོར་དེ་བཟང་ལྡན་ལམ།། ལམ་འདིས་ངེད་རྣམས་ཐམས་ཅད་ཀྱང་།
135b6 ཏིང་ངེ་འཛིན་ལ་དབང་སྒྱུར་བ།། ཐོབ་ནས་སངས་རྒྱས་དྲི་མྱེད་གྱུ་ར་། གང་ཡང་སངས་རྒྱས་ཏིང་འཛིནད་སྐྱེས།། ཐེག་པ་ཆེན་པོ་སྣང་བ་ཡི། ཏིང་ངེ་འཛིནད་ཀྱི་ཕྲ་སེམས་པ།། དེ་ལ་གནས་ཤིང་རྒྱལ་སྲས་དང་།
135b7 རྒྱལ་བ་བསམ་ཡས་ཁྱོད་ཡུལ་ཅས།། སྤྲུལ་པ་བྱེ་བ་མང་པོ་ཡིས།། སོ་སོ་རང་རིག་སྤྱོད་ཡུལ་གྱི།། ཏིང་འཛིན་སངས་རྒྱས་མཐོང་བ་ནི།། ཤིནད་ཏུ་ཕྲ་བའི་རྡུལ་སྙེད་དོ།། སོ་སོ་རང་རིག་རིག་ཚུལ་ནི།། གང་ལ་སངས་རྒྱས་གནས་པ
135b8 ཆོས་འདི་མཚན་མ་མྱེད་པ་སྟེ།། སྐྲ་དང་གཟུགས་ཀྱིས་རྣམ་པར་སྤངས།། མྱིང་ནི་མཚན་མས་བསྐྱེད་པ་ཡིན།། མཚན་མ་རྐྱེན་ལས་བྱུང་བ་སྐྱེ།། རྣམ་པར་རྟོག་པ་གཉིས་ལས་སྐྱེས།། རོས་རྣམས་ཀྱི་ནི་དེ་བཞིན་ཉིད།
135b9 དེ་ནི་ཡང་དག་སུས་མཐོང་བ།། དེ་ཡི་ཡེ་ཤེས་ཡང་དག་མཚན།། རང་བཞིན་བརྟགས་པ་མྱིང་ཡིན་ཏེ།། མཚན་མ་གཞན་གི་དབང་ལས་བྱུང་།། མྱིང་དང་མཚན་མ་མྱེད་པ་ན།། རང་བཞིན་དོན་གྱི་དམ་པ་ཡིན།། ཐམས་ཅད་ལུས་ལ




iiif viewer powered by OpenSeadragon

135a - 136a

Texts on this page

Ng12.3 - 'phags pa rgyan stug po bkod pa zhes bya ba theg pa chen po'i mdo