e-texts navigator
Collection
Volume
Page
Wylie

135a1 ཧོ། ཀུན་ནས་འདུས།། དབང་སྦྱར་ལོ་བྲ་བཟང་པོ་ན།། ཐམས་ཅད་གཟུགས་ཀྱི་རིན་ཆེན་བཞིན།། དཔལ་ཆེན་རྡོ་རྗེའི་སྙིང་པོ་དེ།། རྣམ་པར་མཛེས་ལ་ཀུན་ལྷའོ།། སྐར་མའི་བཟང་པོའི་སྐེར་མ་ཡིས།། གཟའི་དབུས་ན་མཛེས་པ།
135a2 བཞིན།། རྡོ་རྗེའི་སྙིང་པོ་རྣལ་འབྱོར་ད་ཅན།། དམ་པའི་བསྟན་ལ་རྣམ་པར་མཛེས།། ཇི་ལྟར་སྐར་མའི་དབང་པོ་དང་།། ཟླ་བའི་འོད་དུ་བྱེ་བྲག་མྱེད།། དེ་བཞིན་རྡོ་རྗེའི་སྙིང་པོ་དང་།། རྒྱལ་བ་རྣམས་སུ་ཁྱད་པར་མྱེད།། ཡང་དག་ཇི
135a3 བཞིན་དོན་མཐོང་བའི།། རྒྱལ་བའི་སྲས་པོ་སྟོབས་པོ་ཆེ།། རྣལ་འབྱོར་ད་ཅན་དང་ཐུབ་པའི་མཆོག། རྣལ་འབྱོར་ད་པྱོད་པའི་ལམ་གནས་པ།། སྟན་ལས་ལེགས་པར་ལྡང་བྱས་ཤིང་།། རྒྱལ་སྲས་རྣམས་ལས་མངོན་ལྟས་ནས
135a4 ཚིག་དགེ་རྣམ་པར་སྨྲས་པ་ནི།། ཀྱེ་མ་ཐེག་ཆེན་ཐེག་པ་ནི།། སངས་རྒྱས་སྤྱོད་ཡུལ་བསམ་མྱི་ཁྱབ།། དེ་ལ་གནས་ཤིང་རྒྱལ་སྲས་དང་།། རྒྱལ་བ་བསམ་གྲིས་མྱི་ཁྱབ་སྟོན།། བྱེ་བའི་ཞིང་བཞུགས་རྒྱལ་བ་དང་།། རྒྱལ་སྲས་དེ
135a5 དག་ཐམས་ཅད་ཀྱང་།། དྲི་མྱེད་བསམ་གྱིས་མྱི་ཁྱབ་ཆོས།། དགོད་ས་པས་ཕྱག་བྱ་འོས་པ་ཡིན།། ཐེག་པ་ཆེན་པོའི་ཚུལ་དགེ་ནི།། མཆོག་ཏུ་ཕྲ་ཞིང་དཀོན་པ་སྟེ།། གཞན་དུ་གྱུར་ད་པའི་ཚུལ་གྱི་མཆོག
135a6 རྟོག་པ་ཅན་གྱི་ཡུལ་མ་ཡིན།། རྣམ་པར་ཤེས་པ་བརྒྱད་ཀྱི་ཡུལ།། རང་བཞིན་རྣམས་ལ་ཁྱད་པར་མྱེད།། བདག་མྱེད་ཉིད་ནི་ལྔ་པོ་ཡི།། དེ་བཞིན་ཁྱད་པར་བྱེད་པ་ནི།། བག་ཆགས་སྦས་པས་འཕངས་པ་དེ།།
135a7 ཡུན་རིང་གནས་ངན་ལེན་པ་དང་།། སེམས་དང་སེམས་ལས་བྱུང་ལྡན་ཞིང་།། རྣམ་ཞེས་རྣམས་ལས་རབ་ཏུ་བྱུང་།། ལྷ་རྫས་ཚུལ་འདི་མཐོང་བ་དང་།། གསེར་བཞིན་རྣམ་པར་བྱང་བར་འགྱུར།། རྣམ་དག་རིགས་ལ་གནས
135a8 དཀའ་སངས་རྒྱས་རིགས་སུ་དེ་དག་འགྱུར།། དེ་བཞིན་གཤེགས་པའི་ལྷ་རྫས་རིགས།། མུར་འདུག་ཉན་ཐོས་རྣམས་སྤངས་པ།། ཐོས་ནས་སངས་རྒྱས་ཞིང་གི་མཆོག། སྟུག་པོར་དེ་བཞིན་འདོང་བར་འགྱུར།། ཏིང་ངེ
135a9 འཛིནད་འདི་ཡུལ་ནི་ག་།། ཏིང་འཛིན་ད་འདི་ཡི་མྱོང་ཡང་མི།། རྡོ་རྗེ་སྙིང་པོས་གང་ཐོབ་ཕྱིར།། ཚུལ་དགེ་འདི་ནི་སྟོནད་པར་གྱུར་།། རྡོ་རྗེ་སྙིང་པོའི་རྐང་གཉིས་ལ།། ཐུབ་པའི་རྣམས་ཀྱིས་ཕྱག་བྱས་ནས།། རྡོ་རྗེའི་སྙིང་པོ




iiif viewer powered by OpenSeadragon

134b - 135b

Texts on this page

Ng12.3 - 'phags pa rgyan stug po bkod pa zhes bya ba theg pa chen po'i mdo