e-texts navigator
Collection
Volume
Page
Wylie

134b1 མགོན་པོ་རྣམས་ཀྱི་ཞིང་ག་རྒྱན།། རྒྱལ་བ་རྣམས་དང་རྒྱལ་སྲས་ཀྱི།། རྡུལ་ཕྲན་བཞིན་གྱི་སྐུ་ཕྲ་དང་།། སྐྲ་རྩེ་བརྒྱ་ཆར་ཕྲ་བ་དག། རྒྱལ་སྲས་ཁྱོད་ཀྱིས་བཤད་པར་གས།། བསྟན་དང་ཀླག་དང་རྣམ་བྲལ་ཞིང་།། བརྗོད་པས་རྣམ་པར
134b2 སྤངས་པ་ཡི།། སྟུག་པོ་ཞིང་གདམ་པ་དེར།། ཇི་ནས་ཐུབ་པ་འདོད་བའི་ཕྱིར།། རྣལ་འབྱོར་དམཁས་པ་སེང་གེ་ལྟར།། ཐུབ་པ་དེ་དག་ཀུན་ལྟས་ཏེ།། འགྲོ་ཡི་ཚོགས་རྣམས་ཐམས་ཅད་ལ།། བརྟག་པར་མྱི་ནུས་བརྟག་བྲལ་བའི།།
134b3 ཆོས་ཚུལ་རབ་ཏུ་བསྟན་པར་བྱ།། བློ་ཡི་མཐུ་ཡང་ཀུན་བརྟགས་ན།། རྣལ་འབྱོར་ད་ཅན་དག་ཆོས་ཀྱི་ཚུལ།། སྔོན་གི་གཞུང་ལུགས་ཉན་ནུས་པས།། ཚངས་པའི་སྒྲ་དང་དབྱངས་སུ་སྟེ།། ཀ་ལ་བིང་ཀའི་སྒྲ་སྐད་དུ།། རྒྱལ་ཆེན་ལྕེ་ཡིས
134b4 རབ་སྙན་པར།། རྡོ་རྗེ་སྙིང་པོས་ཤིན་ཏུ་བཤད་།། སེང་གེ་རོ་སྟོ་ལུང་འཆང་བ།། མཚན་རབ་སུམ་ལུས་གཉིས་དང་།། དཔེའ་བྱད་བཟང་པོས་བརྒྱན་པའི་ལུས།། རྡོ་རྗེའི་སྙིང་པོས་ཤིན་ཏུ་བསྟན།། མྱི་དཀའི་སྐལ་མཁས
134b5 པས་མ།། སྒྲ་ཡི་མཚན་ཉིད་གྲགས་པ་ཡིས།། མདོར་ནདོ་ས་ཉིས་གྱུར་ད་དུ།། རྒྱལ་སྲས་དེ་ནི་ཤིན་ཏུ་སྟོན།། སངསང་དག་པ་དབྱངས་ལས་སྩོགས།། མཐོང་ཞི་རིང་བའི་སྒྲ་སྐད་དང་།། གནད་ར་དང
134b6 རབ་ལྡན་པར།། རྒྱལ་བའི་སྲས་པོས་རབ་ཏུ་བསྟན།། རིག་པ་དང་དེ་པ་ཏ།། ཤརྫ་ཀེ་ཤི་ལྔ་པོ་ཡི།། སྒྲ་སྐད་མཚན་ཉིད་ལྡན་པ་དབྱངས་ཀྱིས་ཐུབ་པ་རྣམ་པར་གསུངས།། རིངས་པ་དང་དལ་བ་མྱེད་པཱ།
134b7 ཚིག། ཟབ་ཅིང་སྙན་པའི་སྒྲ་དབྱངས་ཏེ།། མཚན་ཉིད་མཁས་དང་དྲི་ཟལ།། དེ་བཞིན་སིམ་པར་བྱེད་པའི།། ཚིག་གི་ཡོན་ཏན་ལྡན་པའི་ཚིག། རྡོ་རྗེ་སྙིང་པོས་བརྗོད་པ་ནི།། ལྷུན་གྱིས་གྲུབ་པར་བྱས་པ་སྟེ།།
134b8 སྤྲུལ་པའི་བཞིན་དུ་འབྱུང་བ་ཡིན།། ཐུབ་སྲས་རྡོ་རྗེའི་སྙིང་པོ་ནི།། ཅི་ཡང་བརྗོད་པར་མྱི་བྱེད་པར།། ཐམས་ཅད་ཡན་ལག་མཚན་གྱི་སྐུ།། ཡན་ལག་རྣམས་ལས་མངོན་པར་འབྱུང་།། སྦྱིན་མ་འཕྲལ་བ་སྐྱེ་བོ་དང་།
134b9 ཕྲག་པ་སྣ་རྩེ་བྱིན་པ་ལས།། ཆོས་ཀྱི་ཚུལ་རྣམས་རབ་སྟོནད་ཅིང་།། དགེ་བའི་སྒྲ་རྣམས་བྱུང་བར་གྱུར།། རྡོ་རྗེ་སྙིང་པོ་ཐུབ་པ་ཡི།། སྨོན་ལ་ལེགས་ལས་བྱུང་བ་སྟེ། བྲེ་མོའི་ངང་པའི་རྒྱལ་པོ་བཞིན།། རྒྱལ་བའི་སྲས་རྣམས།




iiif viewer powered by OpenSeadragon

134a - 135a

Texts on this page

Ng12.3 - 'phags pa rgyan stug po bkod pa zhes bya ba theg pa chen po'i mdo