e-texts navigator
Collection
Volume
Page
Wylie

134a1 ཆོས་དེ་བདག་ལ་བསྟནད་པས་ན།། ནོར་བུ་རིན་ཅེན་སྣ་ཚོགས་གནས།། བཀྲ་ཤིས་གཙང་མར་རབ་ཏུ་བྱས།། ཐུབ་ལྡན་འཕགས་པ་སྱན་རས་གཟིགས།། བློ་གྲོས་ཆེན་པོ་བྱམས་པ་དང་།། བློ་གྲོས་མྱི་ཟད་མཐུ་ཆེན་དང་།
134a2 འཇམ་དཔལ་རྣམ་པར་འཕྲུལ་པ་དང་།། ལྷའི་ཅོད་པན་རྣལ་འབྱོར་ད་བདག། ཤུགས་འཛིན་དུ་མ་བློ་གྲོས་དང་།། གཟུངས་ཀྱི་དབང་པོའི་རྒྱལ་པོ་དང་།། རིན་ཆེན་གཙུག་ཕུད་འཕྲུལ་ཆེན་དང་།། ཡང་དག་ཇི་བཞིན་མཐོང་བ་དང་།། འཚེ
134a3 བའི་རབ་དང་འགྲོ་འཛིནད་དང་།། རྣལ་འབྱོར་དེ་སློབ་དཔོན་རྣལ་འབྱོར་དེ་ཆེ།། རྣལ་འབྱོར་ད་ཅན་ལས་སེམས་སྟོནད་པ།། ཐུབ་པ་ཐམས་ཅད་དོན་གྲུབ་པ།། ཐུབ་སྲས་འཇིགས་པ་མྱེད་པའི་རྣམས།། འདི་དག་གཞན་ཡང་མང
134a4 པོ་སྟེ།། རྒྱལ་བའི་སྲས་པོ་འཕྲུལ་ཆེན་རྣམས།། སོ་སོའི་སྟེན་ལས་ཀུན་ལངས་ནས།། དེ་དག་ཅིག་ལ་གཅིག་བལྟས་ཏེ།། རྡོ་རྗེའི་སྟེད་པོས་དེ་ལ་སྨྲས།། ཆོས་ཀྱི་ཚུལ་ནི་བསྟན་པར་གྱིས།། ཁྱོད་ནི
134a5 རྒྱལ་དབང་བྱིན་གྱིས་རླབས།། རྒྱལ་སྲས་རྣམས་ཀྱིས་རབ་ཏུ་མཆོད། ས་ཡི་མཚན་ལ་མཁས་པ་ཡང་།། ཁྱོད་ལ་ཐམས་ཅད་ཤིན་ཏུ་གན།། ས།། ཁྱེད་ལ་གསོལ་བ་འདེབས་པ་ནི།། རྒྱལ་སྲས་སྟོབས
134a6 ཆེན་ཐམས་ཅད་དང་།། རྣལ་འབྱོར་ད་ཅན་དང་རྣལ་འབྱོར་ད་བདག། སྔགས་འཆང་བུད་མྱེད་ཐམས་ཅད་དོ།། རྒྱལ་བ་རྣམས་དང་རྒྱལ་སྲས་དང་།། འཇིག་རྟེན་རྣམས་ཀྱིས་ངོ་མཚར་གཞི།། མདོ་སྡེ་ཀུན
134a7 ཀྱིས་དྲི་མྱེད་ཅིང་།། བསྟནད་དང་ཀླག་པ་རྣམ་སྤངས་པ།། སྟུག་པོའི་རྐྱེན་འདི་བསྟན་པའི་ཕྱིར།། རྣལ་འབྱོར་དེ་བདག་ཁྱོད་སྤོབས་པར་གྱིས།། ཕྲུལ་པས་བཤད་པ་སྤངས་པ་སྟེ།། དེ་བཞིན་གཏམ་དང་སྤྲུལ་པས།
134a8 ཀྱང་།། ཟག་པ་མྱེད་པའི་ཆོས་ཀྱི་དབྱིངས།། སོ་སོ་རང་རིག་སྤྱོད་པའི་ཡུལ།། ལྷ་རྫས་མཐོང་བའི་ཆོས་ལ་བདེ།། འཕགས་པ་རྣམས་ལ་དེ་སྟོན་ཅིག། ཕུང་པོ་ལྷག་མ་མ་ལུས་པར།། གཏུགས་པའི་ཆོས་ཀྱི་དབྱིས།
134a9 སྟོན་དཅིག། ཏིང་ངེ་འཛིནད་དང་གཟུངས་ཀྱི་རྣམས།། རྣམ་པར་ཐརྡ་དང་དབང་རྣམས་དང་།། ཡིད་བཞིན་རྣམ་པ་བཅུ་པོ་ཡིས།། ལུས་ཀྱི་ཚོགས་ཀྱང་བསྟན་པར་གས།། སངས་རྒྱས་རྣམས་ཀྱིས་བས་ཡས་དང་།




iiif viewer powered by OpenSeadragon

133b - 134b

Texts on this page

Ng12.3 - 'phags pa rgyan stug po bkod pa zhes bya ba theg pa chen po'i mdo