e-texts navigator
Collection
Volume
Page
Wylie

133b1 བདག་མྱེད་གཉིས་ཀྱིས་ཡོངས་དག་ཅིང་།། ཤེས་བྱ་སྒྲིབ་པའི་དྲི་མྱེད་ན།། སེམས་ཀྱི་ཁམས་ལས་གཞན་གྱུར་ད་པའི།། དེ་བཞིན་གཤེགས་པར་རབ་ཏུ་འགྱུར།། ཁྱོད་ནི་དབང་ཅན་ཕྲ་ཡུལ་ལྡན།། ཤེས་རྒྱ་ཆེ་ཞིང་གཙུག་ལག་མཁས།། དབང་པོ་འཇིག
133b2 རྟེན་བྲལ་བ་ཡི།། གཙུག་ལག་མཚན་ལ་ཁྱོད་གནས་ཏེ།། མྱི་འམ་ཅི་ཡི་གཙུག་ལག་ཀྱང་།། དེ་བཞིན་གཤེགས་པའི་རྣལ་འབྱོར་དེ་དགེ།། ས་ཡི་མཚན་ཉིད་མཁས་བྱ་ལ།། བསླབ་སྟེ་ཟླ་བ་བཞིན་གནས་པ།། མྱི་འམ་ཅིའི་དབང་པོ་ཁྱོད།། ས་དང་ཞིང
133b3 ནམས་བྱེ་བར་མཛེས།། ཁྱོད་ནི་དེ་ལྟར་ནམ་མཛེས་ཤིང་།། ཐུབ་ཅན་དབང་སྒྱུར་ཚོགས་དབུས་སུ།། ཁམས་ཀྱི་སེམས་ལས་སྐྱེས་པའི་སྒོ།། ཁོ་བོ་ལ་ནི་སྲས་ཀྱིས་དྲིས།། མཉམ་སེམས་མཉམ་པར་གཞག་པ་ཡིས།། ཐམས་ཅད་ལྷན་ཅིག་མཉན་པར།
133b4 ཀྱིས།། ཁམས་རྣམས་གང་དུ་ཅི་ཚུལ་ཀང་།། སེམས་སུ་གྲགས་པའོ། སྐྱེས་བུ་ལ།། རྒྱུ་རྣམས་གང་གྲི་འབྱུང་བ་ཡི།། དེ་ཚུལ་བདག་གིས་བསྟ་ན་པར་བྱ།། ཆུ་ནི་རླན་རྣམས་སྐྱེ་བར་བྱེད།། འདྲོད་ནི་མིའི་སྲ་བས།། བདེག
133b5 ལས་སྩོགས་པའི་བྱ་བ་རྣམས།། རླུང་གི་ཁམས་ཀྱི་ཀུན་ནས་རྩོམ།། གཟུ།། གས་ལས་སྩོགས་པའི་ས་མཚམས་ནི།། ནམ་མཁས་ཀུན་ནས་རྩོམ་བར་བྱེད།། རྣམ་ཤེས་སྣ་ཚོགས་ཡུལ་ཅན་ནི།། བག་ཆགས་རྣམས
133b6 ཀྱིས་བ་ཏུ་བསྐྱེད།། སྲིད་ཀྱི་མཚམས་དང་མྱིག་དག་གི།། སྐྱེ་བོའི་སྒོ་རྣམས་བྱེད་པ་ནི།། གཟུགས་ལས་སོགས་པའི་ཚོགས་ཀུན་ཏེ།། རྒྱལ་པོ་མཚན་ཉིད་རྣམ་པ་མ་།། ནོར་དུ་རིན་ཆེན་སྣ་ཚོགས་གནས།། དབང་སྒྱུར་ཕོ་བྲང་བཟང
133b7 པོ་ན།། རྣལ་འབྱོར་ད་ལྡན་ཆེན་ཞུགས་འཛིན་པ།། རྒྱལ་སྲས་རྣམས་ཀྱིས་མདུན་བ་དར་ཅིང་།། སོ་སོའི་སྟན་ལས་ཀུན་ལངས་ཏེ།། ཡང་དང་ཡང་ཞིང་ཕྱག་འཚལ་ནས།། རིམ་འགྲོའི་རྡོ་རྗེ་སྙིང་པོ་ལ།། མཆོད་པའི་དམ་པས་མཆོད་པ་བྱེད།།
133b8 རིན་ཅེན་དྲ་བས་སྟེང་བཀབ་ཅིང་།། ཡང་དང་ཡང་དུ་གསོལ་བར་བྱེད།། དགེའོ་དགེའོ་ཡང་དགེ་སྟེ།། དགེ་བ་ལྡན་ལ་རབ་གནས་ཤིང་།། ཆོས་ཀྱི་སྤྲིན་གྱི་ཚུལ་རྙེད་ནས།། སངས་རྒྱས་ས་ལ་རབ་བཞུགས་ཏེ།། དབང་སྒྱུར་རྒྱལ་བའི་སྲས
133b9 རྣམས་ལ།། སངས་རྒྱས་ཡུལ་རྣམས་རབ་ཏུ་བསྟན།། རྒྱལ་པོ་ལྷ་མོ་བཅས་པ་ཡིས།། དེ་ནས་ཡང་དུ་མཆོད་བྱས་ཏེ།། རྣལ་འབྱོར་ད་མེ་ཅན་དགེ་ལོ་དགེ།། རྡོ་རྗེའི་སྙིང་པོ་འཇིགས་མྱེད་པ།། ལྷ་རྫས་དེ་བཞིན་གཤེགས་པ་ཡི།




iiif viewer powered by OpenSeadragon

133a - 134a

Texts on this page

Ng12.3 - 'phags pa rgyan stug po bkod pa zhes bya ba theg pa chen po'i mdo