e-texts navigator
Collection
Volume
Page
Wylie

133a1 པོ་ཐམས་ཅད་ཀྱི།། རང་བཞིན་དངོས་པོས་ཤེས་པར་འགྱུར།། དངོས་པོ་ཇི་མྱེད་སྟོང་པ་ཉིད།། དངོས་པོ་དངོས་པོར་ཡོད་པ་འང་མྱེད།། འདི་དག་ཀུན་གཞི་རྣམ་པ་སྟེ།། སྟོང་ཉིད་ཀུན་གཞི་རྣམ་པའོ།། རྒྱས་སྲས་དུ་མ་འཇིགས
133a2 མྱེད་པས།། རྡོ་རྗེས་སྙིང་པོ་དེ་ལ་སྨྲས།། ལུས་ཅན་རྣམས་ཀྱི་ཁམས་ཀྱི་མྱི།། ཇི་ལྟར་བུར་ན་སེམས་ཙམ་འགྱུར།། འབྱུང་བ་ཆེན་པོ་རྒྱུར་བྱས་ཤིང་།། འབྱུང་ལས་འབྱུང་བ་ཇི་ལྟ་བུ།། གཡོ་གཤེར་ཚ་དང་སྲ་བ་ཡི།། ཁམས་རྣམས་ཇི་ལྟར་འབྱུང་།
133a3 བར་འགྱུར།། རྒྱལ་སྲས་རྡོ་རྗེ་སྙིང་པོ་ཡིས།། དུ་མའི་བདག་པོའི་ཚིག་ཐོས་ནས།། མྱི་འམ་ཅི་དག་ཁྱོད་དགེ་སྟེ།། ཁྱོད་ནི་དགེའོ་ཡང་དགེའོ།། རྣལ་འབྱོར་ད་ཅན་གི་སྙིང་པོའི་མཆོག། ཡིད་འོང་བྱེད་པ་གང་དྲིས་པ།། སེམས་ཀྱི་སྐྱེས
133a4 བུའི་ལུས་ཅན་ལ།། ཁམས་རྣམས་སྐྱེ་འགྱུར་ཇི་ལྟ་ཞེས།། དེ་ཕྱིར་དབང་སྒྱུར་རྒྱལ་སྲས་ལ།། དེ་ནི་དགེ་བར་བཤད་པར་བྱ།། དེ་བས་མྱི་འམ་ཅིའི་བདག། པི་བང་སློབ་དཔོན་བདག་ལ་ཉོན།། ཇི་ལྟར་མྱི་འམ་ཅིའི་བདག། ཁྱོད་དང
133a5 མྱིཚོ་མེད་བཅས་པ།། སྙེམས་བྲལ་མང་པོ་སྣ་ཚོགས་ཀྱིས།། ནམ་མ་ཁའ་ལས་ནི་རབ་འདོང་ཞིང་།། རྒྱལ་བ་ཉན་ཐོས་ཚོགས་འཁོར་དུ།། པ་བར་སྨ་དབྱངས་སྙན་བླངས་ནས།། ཐུབ་པ་དུ་མ་ལྟོས་ཤིག་ཅེས།
133a6 ཕན་ཚུན་གཅིག་ལ་གཅིག་ཀྱང་གསུང་།། བསྙེམས་བྲལ་མང་པོ་སྣ་ཚོགས་ན།། མྱི་འམ་ཅི་དང་འགྲོགས་རྩེ་ཞིང་།། པི་བང་བེ་དཱུརྱས་སྤྲས་པ།། ལེ་ནད་ཅིང་མཁའ་ལས་འགྲོ་བའི་ཚེ།། པི་ཁང་ཡིད་འོང་ཤིན
133a7 ཏུ་སྙན།། དབྱངས་ཀྱིས་ཡོངས་སུ་སྦྱངས་པ་སྟེ།། མྱི་འམ་ཅིའི་བདག་པོ་ཡིས།། རབ་ཏུ་བླངས་པར་བྱས་པའི་ཆེ།། ཉན་ཐོས་རྣམས་ཀྱང་གར་བྱེད་དེ།། ཉན་ཐོས་དེ་དག་གྱུར་ད་པ་དེ།། རྒྱལ་སྲས་རྣམས་ཀྱིས་མཐོང་བདག་འོར
133a8 སྲུང་རྣལ་འབྱོར་ད་བཟང་ཅན་དང་།། ལྷའི་ཅོད་པན་ལ་སྤྲས་པ།། རྣམ་རྟོག་མྱེད་པའི་སྒྲ་དབྱངས་ཀྱི།། པི་བ་སྒྲ་ནི་བསྒྲགས་ཡིས།། འདོད་ཆགས་བྲལ་བ་ཅི་ཕྱིར་གར།། འོད་སྲུང་ཁྱོད་ཀྱིས་ངེད་ལ་སྟོན།། རྒྱལ་སྲས་སྟོབས་ཆེན་དམུར
133a9 རླུང་བཞིན།། རི་དགས་རྣམས་དང་འདྲ་བ་ནི།། ཉན་ཐོས་གཡོ་བའི་བློ་ཅན་རྣམས།། བག་ཆགས་འདམ་ག་དྲ་མ་ཅན།། ཉོན་མོངས་རྣམ་རྟོག་བྱུང་བར་མནར།། ཡང་དག་སངས་རྒྱས་སྐུ་རྙེད་ནས།། བག་ཆགས་དྲི་མ་ཡོངས་བསལ་ཏེ།།




iiif viewer powered by OpenSeadragon

132b - 133b

Texts on this page

Ng12.3 - 'phags pa rgyan stug po bkod pa zhes bya ba theg pa chen po'i mdo