| e-texts navigator |
| Wylie |
132b1 མ་ཡིན་ཏེ།། འོ་དོད་འབོད་ལས་སྩོགས་པ་དང་།། མནམ་མྱེད་མཐའ་དང་ལྷ་རྣམས་ཀྱི།། ལམ་གྱི་རྒྱུད་ཀྱང་ཡོད་པ་ཡིན།། འགྲོ་བའི་སྐྱེས་བུ་དེ་ཡོད་ན།། སྲིད་པའི་འཁོར་ལོ་འཁོར་བར་འགྱུར།། འཁོར་དང་བྲལ་ན་ཐར་ད་པ་སྟེ།། བློ་ཞན་རྣམས།།
132b2 ཀྱིས་ཀྱི་ཤེས་སོ།། འཇུག་པའི་སྐྱེས་བུ་རྩེད་ན་ནི།། མོགམ་བུ་ཡང་འགྲོ་བར་འགྱུར།། བོང་བུ་ལིར་ཡང་ནོ་འགྱུར་ཏེ།། བྱེ་མ་ལས་ཀྱང་ཏིལ་མར་འབྱུང་།། ཕྱི་དང་ནང་གིས་རྣམས་ནི།། ཕན་ཚུན་སྟོབས་ཀྱིས་བྱུང་བ་སྟེ།། གང་དང་གང་དུ་འདྲ་བ་དག།
132b3 དེ་དང་དེ་དག་འགྲོགས་པ་ཡིན།། ལྷ་དང་ལྷའི་བུ་མོའི་ཚོགས།། དབང་སྒྱུར་རྒྱལ་བའི་སྲས་རྣམས་དང་།། དྲི་ཟའི་གྲུལ་བའི་རྒྱལ་པོ་དང་།། སྔགས་འཆང་ཆུང་མའི་ཚོགས་རྣམས་ཀྱང་།། ཐུབ་ལ་མཆོད་པར་འོས་པ་ཡི།། རྡོ་རྗེ་སྙིང་པོ་སྲས
132b4 བཅས་ལ།། མཆོད་དེ་གསོལ་བ་འདེབས་པར་བྱེད།། ཐམས་ཅད་དགེའོ་དགེའོ། ཞེས་སྨྲ།། ཉམས་པ་མྱེད་པའི་ཆོས་ཀྱི་ཚུལ།། རྒྱུ་དང་དཔེའ་ཡིས་བརྒྱན་པ་ཡི།། གཞན་གྱི་རྒོལ་བ་འཇོམས་པ་སྟེན།། དཔའ་བོ་ཆེན་པོ་ཁྱོད་ཀྱིས
132b5 བསྟན།། བག་པ་གཟུངས་ལྷག་ཆོད་ཆར་གཅོད་པ།། བཅག་གི་ཕྱོགས་ཀྱི་ཡོན་ཏན་སྟོནད།། ཤེས་རབ་ཅན་གྱིས་བསྟན་དུ་གསོལ།། འགྲོ་བ་འདི་དག་ཉན་པར་འགྱུར།། ཇི་སྙེད་རྒྱལ་བའི་སྲས་རྣམས་དང་།
132b6 སཱའི་རྒྱལ་པོ་ཀུན་ཀྱང་ཉོན།། ཤིན་ཏུ་དཀལ་བའི་བསམ་ཡས་སུ།། @\ུ0f7fཀ་འདས་རྟོག་དང་བྲལ་བ་ཡིས།། རྒྱ་དང་དཔེའ་ས་མེ་ཏོག་སྟེ།། ནས་འབྱོར་ན་རྣམས་ཀྱི་བུབ་དག་པ།། སྟུག་པོ་རྒྱན་ནི་བཤད་པར་བྱ།། རེ
132b7 ནི་ཐུབ་ལ་རྣལ་འབྱོར་ང་སྟོདང་།། སྟུག་པོའི་རྒྱན་དེ་སྣ་ཚོགས་ཏེ།། སྡུག་ན་སྤྱོད་པའི་ཐུབ་པ་ཡིས།། སངས་རྒྱས་རྣམས་ཀྱི་གནས་ཀྱི་མཆོག། ཐུབ་པ་ཀུན་གྱི་དམ་པའོ།། ས་སྟེངས་ཐུབ་པའི་དུ་མ་ལ།། རྡོ་རྗེ་སྙིང་པོས
132b8 ཡང་སྨྲས་པ།། རྟག་པར་དུ་མ་ཁྱོད་ཀྱིས་ཀྱང་།། ཆོས་ཀྱི་དངོས་ཉིད་ཤེས་པར་གྱིས།། དངོས་པོ་རྣམས་ཀྱི་རང་བཞིན་མི།། དངོས་སུ་སྟོང་ངམ་རྟག་པ་ཞེས།། འདི་འདྲའི་ལྷ་དང་ལྡན་པ་ཨེ།། ཐུབ་པ་རྣལ་འབྱོར་དམྱི་འཁྲུལ་ལོ།།
132b9 ཆོས་པ་ཅིག་ཏུ་རྟོགས་པ་ཡིས།། ཆོས་པར་མངོན་ཏུ་བྱེ་པ་སྟེ།། དངོས་པོ་ཀུན་གྱི་རང་བཞིན་ཡབ།། དངོས་པོ་ཅག་གིས་ཞེས་པར་འགྱུར།། ཇི་ལྟར་ཇི་བཞིན་བསྒྲུབས་པའི་ཞོ།། སོར་མོའི་རྩེ་མོས་མངོན་ཤེས་པ།། དེ་བཞིན་དངོས