e-texts navigator
Collection
Volume
Page
Wylie

291a1 བུད་བྱས་ནས། ཟངས་ཆེན་འབར་བ་འཚོད་པའི་གནས།། ལས་ཀྱི་མེ་ལོང་གསལ་ཤིང་གིས།། སྡོག་ཅིང་འཁྲུག་པའི་དམྱལ་བའི་དཔོན།། ཁ་ནས་འགྱོད་ཚག་དམྱལ་བའི་ངག། སླར་ལ་སྲེག་ཅིང་ཆག་པར་འགྱུར།
291a2 སྡུག་བསྔལ་བར་མཚམས་མྱེད་པར་གནས།། ཉིན་ཞག་ཅིག་ས་བརྒྱད་ཁྲིའི།། སྐྱེ་ཤིའི་སྡུག་བསྔལ་མྱོང་བར་བྱེད།། ཀེའུ་ཤི་ཀས་གསོལ་པ།། བཅོམ་ལྡན་འདས་ལགས།། དེ་དག་གི་ཚེའི་ཚད་ཇི་ལྟ་བུ།། ཀེ་རང་བཞིའི་འདས་ཆོམ་ན
291a3 བསྐལ་པ་ཀ་སུ།། ཚུལ་ཁྲིམས་ཞིག་པ་ལ་ནི་སྐལ་བ་ལྔ། འཚམས་མྱེད་པ་བྱེད་པ་ལ་སྐལ་པ་བདུན། མཉམ་པ་ཉིད་ཀྱི་ཆོས་ལ་བསྐུར་པ་བཏབ་པ་ལ་ནི། སྐལ་པ་རྒུ། ལྷག་མ་རྣམས་ནི་སྐལ་པ་བཅུའོ།། ཀེའུ་ཤི་ཀ་དེ་ཙམ་དུ་གནས་པ་ནི།
291a4 ཤིན་ཏུ་རི་སྙམ་འམ།། བཅོམ་ལྡན་འདས་ཤིན་ཏུ་རིང་ལགས་སོ།། བཟོད་པའི་རླགས་མ་མཆིས་ལགས་སོ།། བཀའ་སུ་ལད་པ། ཀེའུ་ཤི་ཀ། མདོ་སྡེ་ཟབ་མོ་འདི་སྤོང་བ་ནི། ཤུ་ལ་ཀ་ཇི་སྙེད་ཀྱི་དམྱལ་བ་སྟེ།། སྐ་ཡང
291a5 པ་ཆེན་པོ་འབུམ་ཕྲག་འམ།། ཉེ་ཁྲི་ལཾ། བརྒྱ་སྟོང་ལས་བཚོགས་པ་འི་བར་དུ་གནས་པར་འགྱུར་རོ།། ཀེའུ་ཤི་ཀ་གཞན་ཡང་འདི་ལྟར་ཤེས། པར་བྱ་སྟེ།། རིན་པོ་ཆེའི་ཕུང་པོའི་སྐུ་བླུད་དུ།། གསོད་ཉེས་པའི
291a6 སྲོག་ཆགས་རྣམ་པར་སྒྱུམས་སམ།། དེའི་དུས་སུ་གསོད་དེ་ཟོས་པར་གྱུར་ན།། ཁྲག་མཚོ་ཁོལ་མའི་ནང་དུ་འཚེད་པར་འགྱུར་རོ།། བྷུ་བ་དང་གཏོང་བ་གཉིས་ནི།། ཁྲག་མཚོར་སྡོག་གོ།། གཅོད་སྦྱོང་བ་ནི་རང
291a7 འཚོད་པ་བཞིན་ནོ།། སྲོག་ཆགས་ཀྱི་འགེ་བོ་གཅིག་ནས། ཁྲག་མཚོ་སྙོམ་པར་བྱེད་དོ།། ཀེའུ་ཤི་ཀ། སྔཀ་ཁྱེར་འདྲ་བའི་ཡན་ལག་གི་དམྱལ་བ་ཀཱང་ཞེ་ན།། ལུགས་ཀྱི་འཕྱུད་མོས་ལུས་ཀྱི་ཤ་དང་རུས་པ་འཇར་རོ།། ཁྲག་རབ་ཏུ
291a8 འོལ་བ་ནི་ལ་བཀང་ནས་བླུགས་སོ།། དེའི་འགོས་སེམས་ཅན་དམྱལ་བའི་སྡུག་བསྔལ་ཉམས་སུ་མྱོང་ངོ་།། གཞན་གྱི་སྡུག་བསྔལ་ཐམས་ཅད་འདིར་ལྡོག་པར་མྱི་འོང་ངོ་།། ཀྱ་འགྲོ་བ་བཟང་མོའི་ཕྱོགས་སུ་སྐྱེས་བུ་ར་རིཔྲེ་བར་གྱུར
291a9 ནས།། དབུགས་ལ་བསྐྱོན་ནས་ཡིད་ཀྱིས་གཅོད།། ཆག་གཞུང་བོར་ལ་ཚིག་འགྲོ། ལོང་།། སྐྱེས་བུ་རིངས་ན་ཉུར་ངུ་བཞུད། རོ་མྱགས་འདམ་ལ་འདུད་ཅིང་སྡོག།། འདི་ན་བཟའ་ཆུང་ཡོན་རང་མྱེད།། འདི་ན་བཟའ་ཆེ་ཡོན་ཆེ་བས




iiif viewer powered by OpenSeadragon

290b - 291b

Texts on this page

Ng11.13 - ko'u shi kas zhus pa zhes bya ba theg pa chen pa'i mdo