e-texts navigator
Collection
Volume
Page
Wylie

289b1 སྦྱིན་མྱོ་ལྟ་སྡིག་ཁྱེར་བྱེད།། སླུ་བ་གཡོ་སྒྱུས་གྲགས་ཕྱིར་དང་།། ཀློག་པ་ལོག་པར་བཟློག་ཕྱིར་དང་།། འཆང་བ་སྡིག་ཕྱིར་འཆང་བ་དང་།། གྲོགས་ཀྱིས་ཁྱེ་ཕྱིར་ཀུན་ཆུབ་པོ།། ངེས་པའི་དོན་ཀྱི་མདོ་སྡེ་འདི། ཤིན་ཏུ་དར་བ
289b2 གྱུརྡ་པའི་ཚེ།། ནོར་གྱི་ཁྱད་པར་བྱེད་དུས་སུ།། བཀའི་འདོད་པ་མྱེད་པར་འགྱུར།། བཀའི་བྱིན་རླབས་མྱེད་པར་འགྱུར།། བཾ་ཀྱིས་རྩ་ནན་བྱེད་པར་འགྱུར།། གླེག་གིས་སྒོ་གོག། འཐུགས་པར་འགྱུར།། གཉིས་ཀྱི་དབ
289b3 ཀྱིས་ནུབ་པར་འགྱུར།། གསང་སྔགས་དཔལ་མ་སྦྱིན་ཚེ། དོན་གྱི་སྙིང་པོ་ནུབ་པར་འགྱུར།། འབྲི་དང་ཀློག་པའི་གནས་སྐབས་གཉིས།། ཡོན་བདག་གཞིའི་གནས་སྐབས་གསུམ།། ཡི་གེ་སྲུལ་པའི་སྐུ་ཡིན་ཕྱིར།། སྲུལ
289b4 པའི་སྐུ་ཡིས་བྱིན་རློབས་འགྱུར།། ཡི་གེ་གསལ་བའི་དོན་ཡིན་ཕྱིར།། ཕ་རོལ་ཕྱིནད་པའི་དོན་རྟོགས་འགྱུར།། ཡི་གེ་མྱེ་བརྗེད་གཟུངས་ཡིན། ཕྱིར། དྲན་པ་ཉམས་པ་མྱི་འབྱུང་ཞིང་།། མྱ་བརྗེད་པའི་གཟུངས་ཐོག།
289b5 འགྱུར།། འབྲི་བའི་དོན་དང་ལྡན་པའི་ཕྱིར།། ཐ་མའི་འབྲས་བུ། ཐོབ་པར་འགྱུར། གཞི་ཤོག་ཆེ་ལ་ཡི་གེ་ཡངས།། བསྟན་པ་ལ། ཛིན་དང་བསོད་ནམས་མཉམ། ཡིག་འབྲུ་ཆེ་ལ་ཡན་ལག་དོད།།
289b6 བསྟནད་པ་འཕེལ་དང་བསོད་ནམས་མཉཾ།། ཡི་གེ་གཟུགས་ཀྱི་སྱན་གསལ་བས། མྱིག་གི་དབང་པོའི་ནད་སྤངས་ཤིང་།། ཆོས་ཀྱི་སྤྱན་དང་ལྡན་པར་འགྱུར།། ཡན་ལག་འབྲེལ་ལ་འདྲེས་གས
289b7 བས། ཡན་ལག་ཉམས་པ་མྱེད་པ་དང་། མཚན་དང་དཔེ་བྱད་རྫོགས་པར་འགྱུར།། ལྷག་པ་རྣམས་ནི་འབྱུང་བྱས་པས།། དྲི་མ་མྱེད་པའི་དོན་ཐོབ་འགྱུར།། ཆད་པ་རྣམས་ནི་བསཔས་བྱས་པས།། མྱི་གནས་ཐེག་ཅེ
289b8 སྟོན་ཐོབ་འགྱུར།། ཤིན་ཏུ་ཕྲ་བ་བརྟགས་བྱས་པས།། སེམས་ཅན་ཡོངས་སུ་འཛིནད་པར་འགྱུར།། དད་པ་དོན་དང་འབྲེལ་པ་ཡིས།། ཐ་མའི་འབྲས་བུ་ཐོབ་པར་འགྱུར།། གཞུང་གི་འགྲེས་རྐང་རྣམ་གསུམ་གྱིས། བདག་གི
289b9 རྒྱུད་ཉིད་བརླགས་བྱས་པས། མཐར་ཐུག་ཟ་མ་དོན་ཐོབ་འགྱུར།། ལྷག་དང་ཆད་པ་མྱེད་པ་དང་། དབུགས་ལ་མ་བསྐྱོན་དག་པ་དང་།། ཡིད་ཀྱིས་མ་བཅོས་མཐར་འབྱུང་བས།། ཡིད་ཀྱིས་མ་འཆད་སྒྲ་སྐད་འབྱོར།། དྲི་མ་མྱེད་པར




iiif viewer powered by OpenSeadragon

289a - 290a

Texts on this page

Ng11.13 - ko'u shi kas zhus pa zhes bya ba theg pa chen pa'i mdo