| e-texts navigator |
| Wylie |
47b1 དུས་བྱས་ཏེ།། མྱིའི་ལུས་ཐོབ་གྱུརྡ་པ་ན།། བློ་ངན་དེ་ནི་དམུས་ཁོར་འགྱུར་།། གནོད་སེམས་ལྡན་ཞིང་སྡོམ་པ་མྱེད།། དེ་ནི་ཉེ་བར་སླ་བྱས་ཏེ།། འཕགས་པ་རྣམས་ལ་སྐུར་བཏབ་པས།། མྱིའི་ནས་ནས་ཞི
47b2 འཕོས་ནས།། ངན་སོང་དག་ཏུ་མྱུར་ཏུ་འགྲོ།། བྱང་ཆུབ་སེམས་དཔའ་རྣམས་ལ་ནི།། མ་བསྔགས་གང་ཞིག་གནོད་བྱེད་པ།། བསྐལ་པ་བྱེ་བ་སྟོང་དག་ཏུ།། རྣམས་ཀྱང་སངས་རྒྱས་མཐོང་མྱི་འགྱུར།།
47b3 རྫོགས་སངས་རྒྱས་ཀྱི་སྲས་རྣམས་ལ།། གང་ཞིག་ཆོས་བཞིན་སྲུང་བྱེད་པ།། དེས་ནི་ངན་འགྲོ་ཀུན་སྤངས་ཏེ།། མྱུར་དུ་བཟང་འགྲོར་འགྲོ་བར་འགྱུར།། ཕྱུག་ཅིང་ནོར་ཆེར་ལྡན་པ་དང་།། སྟོབས་དང
47b4 ལྡན་ཞིང་འཇིགས་པ་མྱེད།། དྲན་དང་ལྡན་ཞིང་ཤེས་རབ་ལྡན།། བདེ་ཞིང་ངོ་ཚ་ཁྲེལ་ལྟས་ལྡན།། གང་ཏུ་འཇིག་རྟེན་རྣམས་ཀྱི་སྒྲོན།། ཡོངས་སུ་མྱ་ངན་འདས་གྱུརྡ་པ།།
47b5 སངས་རྒྱས་མཆོད་རྟེན་མཐོང་ནས་ནི།། ཡང་དང་། ཡང་དུ་བསྟི་བསྟར་བྱེད།། རྫོགས་སངས་རྒྱས་ཀྱིས་གསུངས་པའི།། འདི་འདྲའི་ཆོས་འདི་ཐོས་གྱུར་ད་ན།། སངས་རྒྱས་སྲས་པོ
47b6 རྣམས་ལ་ནི།། སུ་ཞིག་ཕྱི་ཕྱིར་དང་མྱི་བྱེད།། གང་གིས་སངས་རྒྱས་སྟོང་རྣམས་དང་།། བརྒྱ་དང་བྱེ་བ་འགྲངས་དག་ལ།། བསྐལ་པ་གང་འགའི་བྱེ་མ་སྙེད།། དེ་སྙེད་བསྐལ་པར་བསྐོར
47b7 པ་བས།། འཇིག་རྟེན་འགོན་གྱིས་གསུངས་པའི།། དམ་ཆོས་འཇིག་ཚེ་གང་ཞིག་གིས།། ཉིན་དང་མཚན་དུ་འཛིན་ད་བྱེད་པ།། དེ་ནི་བསོད་ནམས་ཁྱད་པར་འཕགས།། ཆོས་འཇིག་ཚེ་ན་ཆོས་འཛིནད་པ།།
47b8 སྔོན་གི་སངས་རྒྱས་ཐམས་ཅད་དང་།། སངས་རྒྱས་ཡེ་ཤེས་རབ་གནས་པ།། དེ་ལ་དེས་ནི་མཆོད་པར་བྱས།། དམ་པའི་ཆོས་ནི་འཇིག་པའི་ཚེ།། སྟོནད་པའི་སྟ་ནད་པ་སྲུང་བྱེད་པ།། བསྐལ་པ་བྱེ་བ་སྤོང་རྣམས་སུ།།
47b9 དེ་ནི་ནམས་ཀྱང་རྒུད་མྱི་འགྱུར།། ལུས་ཀྱིས་བདེ་བ་མྱོང་འགྱུར་ཞིང་།། དེ་ནི་ནད་ཀྱིས་བཏབ་མྱི་འགྱུར།། དེ་ནི་ཡིད་དུ་མྱི་འོང་བས།། ནམས་ཀྱང་འཕྲོག་པར་མྱི་འགྱུར་རོ།། སྟོན་པའི་བསྟན་པ་སྲུང་བྱས་ན།།