e-texts navigator
Collection
Volume
Page
Wylie

73b1 ལ་སྒྱུ་མས་རོལ་བསྟོད་པས།། སེམས་ཅན་མ་ལུས་ཡེ་ཤེས་སྤོབས་པའི་མཆོག་ཐོབ་སྟེ།། སྒོ་མང་སྣ་ཚོགས་སྟོན་པའི་གསུང་རབ་རྒྱར་ལྡན་ཞིང་།། འཇ་སྤྲིན་འབྲུག་ལས་འདས་པའི་ཡོན་ཏན་ཐོབ་པར་ཤོག།
73b2 བྱང་ཆུབ་ཕྱོགས་ཆོས་དྲན་པ་ཉེ་བཞག་བཞི་ལ་གནས།། འཕགས་ལམ་བརྒྱད་ཀྱི་བར་དུ་བརྗོད་དེ་བསྟོད་པས་ན།། སེམས་ཅན་མ་ལུས་བྱང་ཆུབ་ཕྱོགས་ཀྱི་ཆོས་རྫོགས་ཏེ།། རི་བདུན་ཆུའི་དཔེ་འདས་ཆོས་རྣམས་ཐོབ
73b3 བར་ཤོག།། སོ་སོ་ཡང་དག་པ་རིག་པ་མངའ་བརྗོད་བསྟོད་པས་ན།། སེམས་ཅན་མ་ལུས་སོ་སོ་ཡང་དག་རིག་ལྡན་ཞིང་།། འགྲོ་བ་ཐམས་ཅད་འདྲེན་པའི་དཔུང་གཉེན་སྐྱབས་གྱུར་ད་ཏེ།། རི་རེབ་བང་རྀམ་དཔེ་ལས
73b4 འདས་དོན་ཐོབ་པར་ཤོག། གཟུགས་མཆོག་བཅུ་གཉིས་མངའ་བ་བརྗོད་དེ་བསྟོད་པས་ན།། སེམས་ཅན་མ་ལུས་གཟུངས་མཆོག་གྲངས་རྒྱ་ད་ཀུན་རྫོགས་ཤོག། མཐའ་ཡས་ཆོས་རྣམས་རྣམ་པ་ཀུན་ཏུ
73b5 བྱང་ཆུབ་སྟེ།། རི་རབ་བར་རིམ་དཔ་ལས་འདས་དོན་ཐོབ་པར་ཤོག།། མཐུ་ཆེན་དབང་བཅུའི་ཆོས་རྣམས་བརྗོད་དེ་བསྟོད་པས་ན།། སེམས་ཅན་མ་ལུས་དབང་སྒྱུར་ཆོས་རྣམས་ཀུན་རྫོགས་ཤིང་།
73b6 གྲངས་མྱེད་ཆོས་ལ་ཡིད་བཞིན་འདོད་དགུར་དབང་སྒྱུར་ཏེ།། རི་རབ་ངོས་བཅུ་ཕལ་ལ་མྱེད་པ་བརྗོད་དེ་བསྟོད་པས་ན།། སེམས་ཅན་མ་ཨུས་ཐམས་ཅད་སྟོབས་བཅུ་ཀུན་རྫོགས་ཤིང་།། བདུད་དང་དབུ
73b7 བཅས་རྒོལ་བས་མྱི་ཐུབ་ཆོས་ལྡན་ཏེ།། རི་རབ་ངོས་བཅུའི་དཔེ་ལས་འདས་དོན་ཐོབ་པར་ཤོག། མྱི་འཇིགས་སྡེ་བཞི་མངའ་བ་བརྗོད་དེ་བསྟོད་པས་ན།། སེམས་ཅན་མ་ལུས་ཐམས་ཅད་མྱི་འཇིགས་བཞི་ལྡན་ཏེ
73b8 ལོག་པས་བཅད་པར་རྒོལ་བའི་ཚིགེ་སྒྲ་མྱི་གྲག་སྟེ།། རི་རབ་ཆེ་བཞི་དཔེ་ལས་འདས་དོན་ཐོབ་པར་ཤོག། བདེ་གཤེགས་སྒྲ་གསུམ་མངའ་བའི་ཚུལ་བརྗོད་བསྟོད་པས་ན།། སེམས་ཅན་མ་ལུས་རྒྱལ་པོའི་སྐུ་གསུ
73b9 ཡོངས་རྫོགས་ཤིང་།། མྱི་མཉམ་མཉམ་པའི་སྐུ་མཆོག་བླ་ན་བྱེད་གྲུབ་སྟེ།། ཉི་ཟླ་ནམ་མཁའ་དཔེལ་ལས་འདས་དོན་ཐོབ་པར་གོག། སྐུ་དང་དབུའི་འོད་མཆོག་ཚུལ་བརྗོད་བསྟོད་པས་ན།། སེམས་ཅན་མ་སུས་འོད་གཟེར




iiif viewer powered by OpenSeadragon

73a - 74a

Texts on this page

Ng8.3 - 'phags pa byams pa la bstod pa