| e-texts navigator |
| Wylie |
71b1 འཁྲུལ་མྱི་མངའ།། འདུ་ཤེས་སྣ་ཚོགས་མྱི་མངའ་ཀུན་ལ་མཉམ་ཉིད་སྙོམས།། མ་བརྟགས་བཏང་སྙོམས་མྱི་མངའཚངས་པའི་འཁོར་ལོ་སྐོར།། མོས་པ་ཉམས་པ་མྱི་མངལ་དགེ་ཚོགས་རྒྱུན་གྱི་འཆད།། བརྩོན
71b2 འགྲུས་ཉམས་པ་མྱི་འདུལ། འདུལ་བའི་ཚུལ་བཞིན་སྐུལ།། དགོངས་པ་ཉམས་པའི་ཕྱི་མངའ་དུས་གསུམ་ཀུན་ཏུ་འཇུག། ཏིང་འཛིན་ཉམས་པ་མྱི་མངའ་ཡང་དག་མངལ་དང་ཉམས།། ཤེས་རབ་ཉམས་པ་མྱི་མངའ
71b3 གཞན་གྱི་དྲིང་མྱི་འཇོག། རྣམ་འགྲོལ་ཉམས་པ་མྱི་མངའ་གཉིས་འཛིནད་ཆགས་དང་བྲལ།། སྐུའི་འཕྲིན་ལས་ཡེ་ཤེས་སྔོན་འགྲོ་རྗེས་འཇུག་པས།། རྣམ་པ་ཀུན་ཏུ་སེམས་ཅན་གྲངས་མྱེད་མ་ལུས་འདུལ།། གསུང་གི
71b4 འཕྲིན་ལས་ཡེ་ཤེས་སྔོན་འགྲོ་རྗེས་འཇུག་པས།། ལུང་བསྟན་ན་ས་བཤད་ཐམས་ཅད་དོན་ཡོད་ཆེན་པོ་འཐོལ།། ཐུགས་ཀྱི་ཕྲིན་ལས་ཡེ་ཤེས་སྔོན་འགྲོའི་རྗེས་འཇུག་པས།། སེམས་དང་ཡིད་དང་རྣམ་ཤེ
71b5 མཚན་དུ་བརྗོད་ལས་གྲོལ།། འདས་པའི་དུས་ལ་མ་ཆགས་མཚོ་གས་མཁྱེནད་འཇུག་པས།། སྔོན་ཚེ་ཙཾ་བྱུང་ཅི་འགགས་བགྲང་།། བའི་ཚུལ་གྱིས་མཁྱེནད།། མ་འོངས་དུས་ལ་མ་ཆགས་མ་ཐོགས
71b6 མཁྱེནད་འཇུག་པས།། འབྱུང་འགྱུར་འཇིག་འགྱུར་མ་ལུས་མངོན་སུམ་ཉིད་ཀྱིས་མཁྱེནད།། ད་ལྟར་བྱུང་བའི་དུས་ལ་མ་ཆགས་མ་ཐོག་ས་མཁྱེན་ད་འཇུག་པས།། ཆོས་རྣམས་སྐད་ཅིག་རྡུལ་ཕྲན་ཡན
71b7 ལོག་ཆད་པ་ཇི་བཞིན་མཁྱེནང་།། མ་འདྲེས་བཅོ་བརྒྱད་མངལ་ཡང་སངས་རྒྱས་ཀུན་དང་མཉམ།། རྟག་ཏུ་མཉམ་པར་བཞག་ཀྱང་སེམས་ཅན་དོན་མང་མཛད།། རྟོག་པ་ཐམས་ཅད་སྤངས་ཀྱང་མཁྱེནད་པས་རྣམ་པར་རོལ།
71b8 བསམ་གིས་མྱི་ཁྱབ་ཆོས་མངའ་ཁྱོད་ལ་ཕྱག་ཀྱང་འཚལ།། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་ལེའུ་སྟེ་བཅུ་བདུན་པའོ།། ། གཟུགས་མྱེད་རྣལ་འབྱོར་དེ་བཞི་ལ་གནས་པའི་ལྷ་རྣམས་ད།
71b9 གཟུགས་ཀྱི་རྣམ་བྲལ་ནད་ཀྱིས་ཆེ་བ་ཀུན་མྱེད་དེ།། ཁ་དོག་དབྱིངས་ཀྱིས་བགྲང་བ་དེ་དག་མྱི་དམྱིགས་ཀྱང་།། སྐྱེ་བའི་ས་རུ་དབྱེ་བ་སེམས་ཀྱི་རིམ་པ་ཡོད།། ཁྱོད་ལ་མྱི་གནས་མྱ་ངན་འདས་པའི་མཆོག་མངའ་བ།