| e-texts navigator |
| Wylie |
71a1 ཀཡེ་ཏེ་འཇིག་རྟེན་བྱ་ས་དགོན་པ་དབེན་གནས་ཀྱང་།། བྱང་ཆུབ་སེམས་ཀྱི་ཡཡར་དུ་ཐ་བྱེད་མཆོག་ཉིད་འཐོབ།། བསེ་མ་འཁོར་བཅས་འགས་ཞི་པ་ཞིན་ཀྱ་བེན་མོས་པ།། བྱིས་པ་བཀྲི་ཕྱི་མ་ཤིང་རྟམས་གས
71a2 སྦྱར་དཔའ་དྲ།། གཟའ་ལྷག་ཚུལ་དང་སྦྱར་སྙམ་བདེ་གཤེགས་འགྲུབ་ཀྱིས་ལྷག། ཐབས་མཁས་ཀུན་ལ་འདྲེན་པ་དཔེ་མྱེད་ཁྱོད་ལ་སྟོད།། རང་བྱང་ཆུབ་ཀྱི་ལེའུ་སྟེ་བཅོ་ལྔ་པའོ།།
71a3 འདོད་པའི་ཁམས་ཀྱི་མཐོ་རིས་རིམ་པ་དྲུག་གི་ལྷ།། འདོད་པའི་ཡོན་ཏན་ལྔ་ལ་ཆགས་ཤིང་བདེ་འཔྱོད་པས།། སྲིད་རྒྱུ་ཀུན་ཏུ་སྦྱོར་བའི་སྲེད་པ་མྱི་ཟད་དེ།། འཁོར་བར་འཁོར་བའི་ཆོས་ཀྱི་རྒྱུན་མྱི་གཞར་མྱི་གཅོད།། ཁྱོད་ཀྱི
71a4 ཐུགས་རྗེ་ཆེན་པོས་འདོད་པའི་ཁམས་གཟུང་བ།། སྡུག་བསྔལ་ལྕི་བས་རྣམ་པར་གཙེས་ལ། ལྷག་པར་བསྐྱབས།། སྨོན་ལམ་སྟོབས་ཀྱིས་སྲེད་པ་ཆུང་དུ་མ་བཏང་སྟེ།། ཛཾ་སྲིད་འཁོར་བ་ཡོད་པར་བཏང་སྙོམས་བློ་མྱོ
71a5 དགོངས།། འཇིག་རྟེན་མཐའ་ཡས་ཁམས་སུ་ལྷ་རྫས་བདེ་བས་རོ་ལད།། སྐྱེ་བ་བཞིན་བཟུང་རིས་སུ་ཆེད་དུ་འབྱུང་ལ་བསྟན།། རྣམས་ཅན་མ་ལུས་དོན་ཏུ་དཀའ་བ་སྣ་ཚོགས་མཛད།། འགྲོ་བའི་ཞེས
71a6 ཅད་སྐྱོབ་པའི་གཙོལ་ཕྱག་ཀྱང་འཚལ།། །། ཐུགས་རྗེ་ཆེན་བོའི་ལེའུ་སྟེ་བཅུ་དྲུག་པའོ།། ། གཟུགས་ཡོད་ཁམས་ཀྱི་མཐོ་རིགས་རིམ་པ་བཅོ་བརྒྱད་ལྷ།། བས་གཏན
71a7 ཆེ་གཅིག་གནས་པའི་དཀའ་དང་ཡིད་དུ་ལྡན།། འདོད་ཆགས་ཀྱི་དགེའི་ཆོས་ནི་རྣམ་པར་སྲབ་ཅིང་སྤངས།། ཐུན་མོང་མ་ཡིན་ཏིང་འཛིན་ཟས་ཀྱིས་ལྷག་པར་འཚོ།། ཁྱོད་ལ་མ་འདྲེས་བཅོ་བརྒྱད་བདེ་གཤེགས་ཆོས
71a8 མངལ་ས།། རྟག་རྟ་རྩེ་གཅིག་མཉམ་པར་བཞག་པའི་དབྱིངས་དང་ལྡན།། ཡེ་ཤེས་སྣང་ལ་སྒྲུབ་པའི་རྣམ་པ་ཀུན་ཀྱང་སྤངས།། ཚངས་པ་ལྟར་བཅས་ཉན་ཐོས་རང་རྒྱལ་ཀུན་པས་ལྷག། འཁྲུལ་པ་མྱི
71a9 མངལ་སྐུ་གསུང་ཐུགས་ལ་སྐྱོན་མ་ཆགས།། ཙཅོ་མྱི་མངའ་མུམ་འདུག་བདུད་ཀྱིས་གླགས་ཀྱི་མཐོང་།། དགོངས་པ་མ་ཉམས་ཆོས་ལ་རྨོངས་པའི་ཤས་མ་མཆིས།། རྟག་ཏུ་མཉམ་བཞག་འབྱོད་ལམ་བཞི་ལ