| e-texts navigator |
| Wylie |
66a1 སྐྱེ་བས།། བདེ་གཤེགས་ལོ་ཏོག་རྒྱས་བ་གྲངས་མྱེད་མངོན་སངས་རྒྱས།། ཁྱོད་ལ་རྣམ་དག་བྱང་ཆུབ་ཕྱོགས་ཀྱི་ཆོས་མངའ་བ།། འཇིག་རྟེན་ཁམས་ན་རྨད་རུང་བཙས་དཀའ་ཕལ་ལ་མྱེད།། ཉན་ཐོས་རང་རྒྱལ
66a2 ཀུན་ཀྱང་ཆགས་དཔེར་མྱི་བཟོད།། འཇིག་རྟེན་གསུམ་པོ་གཞན་ལྟ་སྨོས་སུ་ཀ་ལ་རུང་།། བདེ་གཤེགས་བསྲས་བཅས་རྒྱུར་གྱུར་ད་བྱང་ཆུབ་ཕྱོགས་མངའ་བ།། བཟླས་ཤིང་དད་པ་ཕྱིར་སྐྱེ་བརྟགས་ཤིང་ངོ་མཚར་ཆེ།། དེ་འདྲ
66a3 གཞན་ཡས་ཆོས་ཀྱིས་གྲུབ་པའི་ཡོན་ཏན་དབྱིངས།། བསམས་ཤིང་ངོམས་དགའ་ལེགས་དགུ་ཚོགས་ལ་ཕྱག་ཀྱང་འཚལ།། ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ལེའུ་སྟེ་བཅུ་པའོ།།
66a4 རི་རབ་དྲུག་གི་བང་རིམ་གྲུ་བཞི་ཐ་མ་ལ།། ལྷོ་བྱང་ཤར་ནུབ་ཕྱོགས་སུ་ལྟ་བའི་ངོས་ཡོད་ལ།། གཞན་ལ་ཐ་དད་ཕྱོགས་ཀྱི་མཚན་མརསྔོན་མོད་ཀྱི།། བདག་ནི་འདིའི་ཕྱོགས་སྙམ་དེ་ལ་སེམས་པ་མྱེད།།
66a5 ཁྱོད་ལ་སོ་སོ་ཡང་དག་མཁྱེནད་པ་བཞི་མངའ་བ།། གཞན་ལ་ཐ་དང་བྱེ་བྲག་རྣམ་པར་གསལ་འབྱེད་ཅིང་།། དོན་ཆེན་གྲངས་མྱེད་རང་རང་རྐྱེན་བཞིན་ཀུན་ཐོབ་ཀྱང་།། མཁྱེན་པའི་རང་བཞིན་མཚན་ཉིད
66a6 གཅིག་ཅིང་རྟོག་པ་མྱེད།། དེ་ལ་གཏོང་གྲུལ་འདུ་ཤེས་སྣ་ཚོགས་མྱི་མངའ་ཡང་།། དུས་གསུམ་ཆོས་དང་དོན་རྣམས་སྐད་ཅིག་གཅིག། གིས་རིག་གསུང་ག་ཅིག་ཡན་ལག་གྲངས་མྱེད་རྔ་སྐད་ཀུན་ཏུ་འགྲོ
66a7 རྡུལ་ཕྲན་ཅིག་བརྗོད་སྤོངས་པ་བསྐལ་པའི་མཐར་མྱི་ཟད།། དོན་དང་ཆོས་རྟོགས་རང་བཞིན་བསྟན་ལ་འཁྲུལ་མྱི་མངའ།། ངེས་པའི་ཚིག་མཁྱེན་ཀང་བསྟན་དམྱིགས་ལ་ཐོགས་པ་མྱེད།། སྤོབས་པ་ཆེ་མངའོ་ཅི་སྤོར
66a8 རྒྱ་བསྐྱེད་པས་མ། འཚས།། དཔག་ཡས་ཡང་དག་རིག་མངའ་ཁྱོད་ལ་ཕྱག་འཚལ།། བང་རིམ་ཀོང་མ་རྣམ་གསུམ་ངོས་བཞིར་འཁོར་བ་ནི།། ཕྱིར་བསྡོམས་བཅུ་གཉིས་ཡོད་པ་ཀུན་ཀྱང་རི་རབ་འཛིན་།། ཀླུ་དང་འགྲོ་ན
66a9 མང་གནས་གཏོགས་དཀྱིལ་གཞན་དུ་དཀའ།། འོན་ཀྱང་གྲངས་རིམ་པ་སྱི་ཙམ་བརྗོད་པར་བྱ།། ཁྱོད་ལ་དུས་གསུམ་མཉམ་འཇུག་རྨད་ཀྱི་གཟུངས་མངའ་བ།། མཁྱེནད་པའི་ཡོན་ཏན་མྱོ་ཉན་མཐུ་ཅན་བཅུ་གཉིས་འགྲངས།