| e-texts navigator |
| Wylie |
65a1 རྣམ་པར་རོ་ལ།། ཁྱེད་ཀྱི་ཡོན་ཏན་ཚོགས་ཆེན་མངའ་ལ་དེ་དག་ལ།། འཐུན་པའི་ཚུལ་དྲི་ས་དཔེར་བླང་བསྟོད་པ་ནི།། མྱི་མཉམ་མཉམ་པ་དཔེ་ལས་འདས་པས་བརྗོད་དུ་མྱེད།། འོན་ཀྱང་ནན་ཀྱིས་བརྟག།
65a2 པོའི་དཔེར་བླང་སྙད་ཀྱིས་བསྟོད། གསེར་རོ་དེ་དག་ཕྲག་ན་ཆུ་མཆོག་ཡོན་ཏན་ཅན།། ཡན་ལག་བརྒྱད་དང་ལྡན་པར་མཚུངས་པའི་ལེགས་བརྗོད་ན།། གྲང་སྟེ་བོསལ་བས་ཚ་བའི་གདུང་བ་ཡོངས་སུ་སེལ།། སྐོམ་པས། ཉེནད་པ་ངོས
65a3 ཤིང་བདེ་བས་ཚམ་པར་བྱེད། ཡངས་ཏེ་འཇུག་བག་དང་ཆར་མགྱོགས་བདེ་བའི་རྒྱུ།། ཡོན་ཏན་ལྔས་རེག་ལུས་ཀྱི་དབང་པོ་དགའ་བའི་རྐྱེནད།། ཞིམཁའི་རོ་མཆོག་ལ་བསྙིང་ང་བ་ཀང་ཡང་མྱེད།། རོ་ཞིམ་དེ་མྱགས་ལྕེའི་དབང་པོ་དགའ
65a4 ཞིང་བདེ།། འཇམ་ལ་མཉེན་པས་འབྱིངས་དང་རྩུབ་པའི་དངོས་མྱི་འབྱང་།། མདངས་བཟངས་ལེ་མདོག་བཟང་ཕྲལ་བའི་རྒྱུར་ཡང་འགྱུར།། དང་བས་གཙང་ཞིང་མདོག་ངན་རྟོག་པ་དེ་ལ་མྱེད།། བལྟས་ཏེ་མཐོང་ན་མྱིག
65a5 ཀི་དབང་པོ་དགའ་བའི་རྒྱུ།། དྲི་ང་མ་མཆིས་གཙ་དང་ཞི་བར་ཀའ་བས་ན།། བསྡམས་ཏེ་བསུང་ན་སཱའི་དབང་པོ་དགའ་ཞིང་། འདས། མགུལ་བར་སྟི་ཐོགས་ཡོན་ཏན་ཀོང་མ་མང་པོའི་རྒྱུ
65a6 ཡན་ལག་འདི་དྲན་བཏུང་ན་སྤྲོ་ཞིང་ཡི་ག་འབྱེ།། འཐུངས་དུག་དང་ཉམ་ང་གནོད་པའི་ནད་མྱི་འགྱུར།། རྣམ་པ་ཀུན་ཏུ་ལུས་ལ་བདེ་བ་སྣ་ཚོགས་སྐྱེད།། འདི་འདྲའི་དོན་ཐོས་རྣ་བའི་དབང་པོ་དགལ་འི
65a7 འདག། དབང་པོ་གཞན་ཀུན་ཡིད་ཀྱི་དབང་དུ་མགུ་ཞིང་རངས།། འཕགས་པའི་ས་རྡོ་ཤིང་ཅི་ནགས་ཚལ་གཞན་ཀུན་ཀྱང་།། ཁ་དོག་མངས་ལྡན་རོ་མཆོག་གདའ་བས་རྒྱས་པར་ནུས།། སེམས་ཅན་ཁམས་རྣམས
65a8 གང་གིས་འཐུངས་ཏེ་མྱོང་འགྱུར་བ།། དབང་པོ་ཐམས་ཅད་སྡང་བས་གསལ་ཞིང་བདེ་བར་འགྱུར།། ཁྱོད་ལ་འཕགས་ལམ་ཡན་ལག་བརྐྱང་ལྡན་མངའ་བས་ན།། ཡང་དག་སྟབས་མཐའ་གཉིས་བློ་མཿལ་སྙོམས
65a9 པར་གཟིགས།། རྟོག་པའི་གདུང་བརྩལ་སྲེད་པས་སྒོམ་པའི་ཚོམ་ཞིང་ངོམས།། དེ་བཞིན་ཉིད་བསྟན་སེམས་དགའ་བའི་མཆོག་ཀྱང་བསྐྱེད།། ཡང་དག་རྟོག་པ་ས་ཡིད་ཀྱི་ལས་ངན་གསུམ་སྤངས་ཤིང་།། མཉམ་དང་མྱི་མཉེ