e-texts navigator
Collection
Volume
Page
Wylie

64a1 ཤེས་རབ་དབང་པོས་དེ་དག་ཤིན་ཏུ་རྟོགས་པར་མཁྱེནད།། དབང་པོ་དེ་དག་ལྡན་ཞིང་རྗེས་སུ་འབྲེལ་པས།། ། སེམས་ཅན་ཀུན་ཀྱི་དོན་གཉེར་བདེ་ཕན་བསྒྲུབས་སླད་དུ།། དབང་པོ་ལྔ་རྣམས་དེ་འདྲ་ཡོན་ཏན།
64a2 འཕགས་པ་མངའ།། འཇིག་རྟེན་མ་བཏང་འཇིག་རྟེན་འདས་པའི་དབང་པོས་རོལ།། ཕལ་བྱས་མྱི་འདུས་གཞན་གིས་ཡོངས་སུ་དགྲ་མྱི་འཚལ།། ཕ་རོལ་པོའི་དམྱིགས་མཁས་མྱི་ཟད་བྱང་ཆུབ་སེམས་མྱི་བསྟོད།།
64a3 དབང་པོ་ལྔ་མཐུས་དུས་གསུམ་སྲིད་པ་ཐམས་ཅད་དུ།། གཞན་གྱི་རྙོག་བསལ་རང་ཀཽ་དཱི་མ་རྣམ་པར་སྤངས།། ཁྱོད་ཀྱི་ཡོན་ཏན་ཚོགས་ཆེན་མངའ་བ་དེ་དག་ལ།། འཐུན་པའི་ཚུལ་ལས་སྨྲས་ཏེ་དཔེར་བླང་བསྟོད་སྙམ་ན།
64a4 མྱི་མཉམ་མཉམ་པ་དཔེ་ལས་འདས་པ་བརྗོད་དུ་མྱེད།། འོད་ཀྱང་ནན་ཀྱིས་བརྟགས་པའི་དཔེར་བླང་འོལ་ཙམ་བསྟོད།། རྟ་རྣ་ར་བོ་ན་ལག་ངོས་བཞི་བགྲངས་པ་དང་།། སེང་ལྡེང་རི་བོ་སྡོང་རིངས་གྲིབ
64a5 ཀྱིས་སླེབས་དང་ལྔ།། གཟར་མཁྲང་རྣ་བཞིན་མྱི་ཉན་ཡུན་ཏུ། བརྟན་པ་སྟེ།། དབྱིབས་ལེགས་སྲ་བའི་ཡོན་ཏན་འཆང་བས་ཆེ། མྱི་རྙིལ།། དེ་བཞིན་ཁྱོད་ལ་སྟོབས་མཆོག་ལྔ་པོ་མངའ་བ་ནི
64a6 དད་པའི་སྟོབས་དང་། བཅོན་འགྲུས་དམ་པ་བརྟན་པས་གཉིས།། དེན་པོའི་སྟོབས་དང་ཏིང་ངེ་འཛིནད་མཆོག་གི་སྟོབས་དང་བཞི།། ཤེས་རབ་ལ་སེལ་བ་ཐོགས་མྱེད་སྟོབས་ཀྱི་མཆོག་གིས་ལྔ། 9། དད་པའི་སྟོབས་མ
64a7 བདུད་ཀྱི་དཔུང་གིས་སུ་མྱི་ནུས།། འཐོན་འགྲུས་སྟོབས་མངའ་རྡུལ་ལ་གཞན་གིས་བསྐྱེད་ཀྱི་སྐུལ།། དྲད་པའི་སྟོབས་མངའ་ཉོན་མོངས་ཆོས་ཀྱིས་པར་མྱི་ཆོད།། ཏིང་འཛིནད་སྟོབས་མངལ་རྣལ་འབྱོར་དེ་སྐྱོན་གྱིས
64a8 གཞན་གྱི་འཁྲུགས་ཤེས་རབ་སྟོབས་མངའ་མཁས་པའི་ཕུལ་ཕྱུང་ཐུབ་པ་མྱེད།། སྟོབས་མཆོག་ལྔ་པོ་དེ་དག་རྫོགས་པར་མངའ་བསྟ་ནི།། ལྡོག་པའི་ཕྱོགས་ཀྱིས་མྱི་འཕྲོགས་བཞེད་དགུ་ར་ལ་འབོངས
64a9 ལྷ་དང་ལྷ་མྱིན་འཇིག་རྟེན་བཅས་པས་བསྐྱེད་དུ་མྱེད།། མྱི་བགྱིད་མྱི་མཛད་བགྱིད་པ་ཐམས་ཅད་ཆུབ་པར་མཛད།། མཛད་དགུ་དོན་མཆིས་ཡུལ་གྱི་རྣམས་བས་མ་མྱི་འབྱུང་།། རྣམ་ཀྲོལ་སྟོབས་རྫོགས




iiif viewer powered by OpenSeadragon

63b - 64b

Texts on this page

Ng8.3 - 'phags pa byams pa la bstod pa