| e-texts navigator |
| Wylie |
62b1 སྟེ་དགུ་པའོ།། ། གསེན་གྱི་རི་བོ་འཕགས་པ་འདུན་རིམ་འཁོར་བ་དང་།། ཡན་ལག་བརྒྱད་ལྡན་ཅུ་པོ་རིམ་པར་འགྱིལང་པ་དག།། རྀ་དང་རྒྱ་རྣམས་ཀྱི་མཚན་འསུན་ན་འདྲ་མོད་ཀྱི།། སོ་སོར་འཕྲོས་ན།
62b2 ཀྱི་འདྲ་ཁྱད་པར་རིམ་པ་ཡང་།། དེ་བཞིན་ཁྱོད་ཀྱི་བྱང་ཆུབ་ཕྱོག་ས་ཀྱི་ཆོམ་རྣམས་དང་།། འཕགས་ལ་མ་ཇམ་པར་དག་པ་ཡན་ལག་འརྒྱང་པོ་རྣམས།། དེ་དག་སྤྱིར་བརྗོད་བྱང་ཆུབ་ཕྱོགས་སུ་འདྲ་བ་སྟེ།། གཞན་གྱི་བཁྱོད་།
62b3 མྱི་མཉམ་ཁྱད་ཞུགས་རྣམ་པ་མང་།། རི་བོ་ནུས་འཛིནད་མདངས་འབར་ཉེ་བར་གནས་པ་ནི།། ངོས་བཞི་དྲི་མྱེད་གསལ་བར་ཕྱོགས་རྣམས་ཀུན་ཏུ་སྣང་།། སྤུན་སྟུག་མཛེས་པའི་ཡོན་ཏན་བརྗོད་པ་གང་ཡང་གྲགས།།
62b4 རང་གདགས་སྲབས་ཐར་གྱི་སྐང་མཐོ་ལེགསུ་དབུ་སྣད།། དྲན་དགནགརྣམ་པར་བྱང་བའི་ཚུམ་བརྟགས་ན།། སུམ་འདི་ཀྱི་གཙང་། ས་ཀྱང་ཆོས་སུ་གཙང་མའི་རྟེན།། དངོས་ཉིད་ཀྱི་རྟག་ལགས་ཀྱང
62b5 དཀོན་མཆོག་གདུང་སོག་བརྟག། ཀུན་རྫོབ་དོན་ངས་རྣམ་པ་དུ་མ་ར་ཐུགས་སུ་ཆུད།། ཆོས་དྲན་ཉེར་གཞག་བདེ་དང་སྡུག་བསྔལ་། ཉིས་ཀྱིམ་ལ།། འདོད་ཆགས་ཞེ་སྡང་གཏི་མུག་རང་བཞིན་རྣམ་པ
62b6 མཁྱེནད།། ནམ་ན་ཅི་ཚོར་སེམས་ཅན་ཐུགས་རྗེ་བཟུང་བཞིན་ཚོར།། བདག་དང་གཞན་གྱི་ཉོན་མོངས་སྣ་ཚོགས་ཡོངས་སུ་སྤང་།། སེམས་ཀྱི་དྲན་བ་ཉེར་གཞག་ཡང་དག་ཚུལ་བརྟན་པས།། འགྲོ་བ་ཀུན་ཀྱི་ཕྱི་ན
62b7 དམྱིགས་སེམས་ཡོངས་སུ་མཁྱེན་།། ཐུགས་རྗེ་ཆེན་པོ་ཚུལ་བཞིན་ཀུན་ལ་སོ་སོར་སྐྱེ།། འོན་ཀྱང་དེ་མྱི་གནས་པ་བྱེ་བྲག་འབྱེད་ཀྱི་མངའ།། ཆོས་ཀྱི་དྲན་པ་ཉེར་གཞག་པས་དངོས་པོ་རྣམས།། སྟོང་ཉིད་ཆོས་ཀྱི
62b8 དབྱིངས་དང་མྱི་གཉིས་ཐུགས་ཆུད་པས། རྣམ་པ་ཐམས་ཅད་མ་ལུས་མཁྱེནད་པས་རྟོག་པ་མྱེད།། སེམས་ཅན་ཀུན་དོན་མཛད་ཀྱང་ཆོས་ཉིད་མཚམས་མྱི་འདའ།། སྔོན་གྱི་སྨོན་ལམ་མཐུ་ལྡན་དྲན་པ་ཉེར
62b9 གཞག་གཞིས།། ལོག་པ་རྣམ་བཞི་ངན་ལྟ་ཀུན་ནི་ཡོངས་སུ་སྦྱངས།། རྣམ་རྟོག་མཚན་མར་འཛིནད་པ་མ་ལུས་བཙལ་ཅིང་བོར།། གྱོད་པ་རྒྱ་ཆེན་སྣ་ཚོགས་ཆུབ་པར་ཡོངས་སུ་དག། ཁྱོད་ཀྱི་ཡོན་ཏན་ཆོགས