e-texts navigator
Collection
Volume
Page
Wylie

59b1 རིན་ཅེན་ཟུར་བརྒྱད་ཡོན་ཏན་མ་པ་ཡང་ད་པེར་མྱི་བཟོད།། རིན་ཅེན་ཁྱིམ་བདག་ཏུ་ནི་ཆོས་ཀྱི་སྤྱན་མངའ་སྟེ།། དེ་བཞིན་གཤེགས་ཀྱི་སྙིང་པོ་གཏེར་ན་འཆུང་བ་གཟིགས།། ལྔ་པུར་དྲི་མས་ཡོག་པ་མ་ལུས་ཡོངས་སུ་མྱོང
59b2 དཔག་ཚད་ཁོར་ཡུག་གཏེར་མཐོ་དེ་པར་མྱི་བཟོད།། རིན་ཅེན་བློན་པོར་ཁྱོད་ལ་བྱིན་རླབས་མཆོག་མངའ་སྟེ།། ཅི་དང་ཙཾ་བཞེད་དེ་དང་དེ་དག་མཉེས་པར་འཐུལ།། རྒྱ་ཆེ་ཡངས་པས་བསམ་པའི་སྤྱོད་ཡུལ་ཀུན་ཡས
59b3 འདས།། ཕྱོགས་གཅིག་ཉི་ཚེའི་དོན་བསྒྲུབ་བློན་པོ་དཔེར་མྱེ་བཟོད།། རིན་ཅེན་རལ་ཀྱིར་འཇིག་རྟེན་འདས་ཀྱིས་ཤེས་རབ་མངའ།། སྤྱོད་པ་ཀུན་གྱི་གནས་སུ་དེ་ཉིད་རང་དབང་འགྲོ།། སྣ་ཚོགས་ཆོས་ཀྱི་སྡེ་ཀུན་འཀྲ།
59b4 སྐྱེར་རོ་གཅིག་འགྱུར།། གཞན་གྱི་རིན་ཅེན་རོལ་གྱི་ཤས་ཀྱི་དཔེར་མྱི་བཟོད།། རིན་ཅེན་པགས་པར་ཏྲྀ་སཱ་འཛི་ནའི་གཡའ་གཞི་བསྣམ་ས།། གཏའ་ཆེན་སྐོང་སྤུག་ཡོབ་དཀར་རུ་རིང་ཕྱོགས་ཕྱོགས་འཆུས།
59b5 ཀྱེ་དང་ཆུ་ཡིས་འཇིག་ཅེའམ་རྙིངས་ཤེས་དེངས་མྱི་སྲིད།། ཕུ་ལ་ནས་ཡུན་རིང་བཟོད་མཆིས་ཀས་མགོ་ཚུལ་དུ་ཀདའ།། དྲང་སོང་བརྟུལ་ཞུགས་མཚན་མར་རྟག་ཏུ་བསྣམས་གྱུར་པ།། པཀས
59b6 པའི་ཡོན་ཏན་མཔལ་ཆགས་ཤིང་སྲེད་མ་ལགས།། མྱོད་ལྡན་དང་དང་རྀ་དགས་དགེ་བསམ་རྫོགས་སླད་དུ།། སྨོན་ལམ་བསོད་ནམས་བྲས་བུ་ཆེ་བསྐུབ་གཞན་དོན་མཛད།། གཡས་རུ་གཡས་སུ་འཆུས
59b7 ཡང་གེ་བསྲུང་མཆོད་ཀྱི་དཔེར།། གཡོན་དུ་གཡོན་དུ་འརྒྱས་པ་མྱི་དགེ་བ་སྤངས་ཀྱི་ཚུལ།། རྒྱབ་ཝང་སྨུག་གནས་ཉོན་མོངས་རྒལ་ཏུ་བོར་བའི་མཚན།། སྟོ་གརགསས་པ་རྣམ་བྱང་མདུན་དུ་ཐད་ཀྱི་རྟགས།། རིང་ལྗོན་མཱ་ནཱིཿ
59b8 བྱང་ཆུབ་སེམས་བསྐྱེད་མི་བཟང་ཚུལ།། མགོ་འཇུག་ཚང་བ་དགོངས་པ་ཐམས་ཅད་རྫོགས་ལལ་དཔལ།། བྱོལ་སོང་གཅིག་གི་ཕྱིར་ཡང་པགས་པ་རྟག་བསྡམས་ན།། སྐྱེ་བོ་གཞན་གྱི་དོམ་ལ་བརྩོན་པ་སྨོན
59b9 འཚལ།། ཁྱོད་ནི་དགེ་ཚོགས་ཚད་མྱེད་སའི་དམ་པ་སྟེ།། མགོན་པོ་བསོད་ནམས་ཞིང་ལ་ཕུལ་བའི་དགེ་བ་ནི།། པགས་པའི་སྤུ་དང་རྡུལ་སྙེད་རི་དགས་དེ་ལ་འཕེལ།། གཞན་གི་རིན་ཅེན་པགས་པགས་ཀྱི་དཔེར་མྱི




iiif viewer powered by OpenSeadragon

59a - 60a

Texts on this page

Ng8.3 - 'phags pa byams pa la bstod pa