e-texts navigator
Collection
Volume
Page
Wylie

58b1 དཀའ་ཐུབ་འདུལ་ཞུགས་བསྐུས་པ་བསམ་ལས་དཔཀ་འདས་སུ། འགྲོ་ལ་པར་ཕྱིར་ཁྱོད་ཀྱིས་ཡོངས་སུ་ལ་ཛད་པས་ན།། མཚམ་ལྡན་ཞབས་གཉིས་གི་ན་ཏུ་བརྟན་པར་གནས་པ་སྟེ།། འཇམ་ཞིང་སྡུག་པ་པད་མོའི་མངས།
58b2 ལྟར་འདི་འོད་གྲུབ།། འཁོར་བའི་འཇིགས་པས་ཉེནད་པའི་འགྲོ་བ་སྐྱབས་ཚོལ་རྣམས་མྱི་འཇིགས་སྐྱབས་ཀྱིས་བསྐྱབས་ཤེས་མགོན་མཛད་བསྲུངས་པས་ན།། དགའ་བ་འཁྱིལ་དཔའ་ཁོར་ལོ་དམ་པ་མཚན་གྱི་ནས
58b3 ཞབས་ཀྱི་མཐིལ་ལ་དཔལ་ལེགས་གི་ནང་དུ་མཛེས་པར་གྲུབ། པྱོད་པ་ངས་པའི་སྡུག་པས་དུས་རྣམས་ཐམས་ཅད་དུ།། ཁྱོད་ཀྱིས་འགྲོ་ལ་ཕོངས་པ་དགའ་དང་བདེ་བའི་ངོས།། རྫོགས་པར་མཛད་པ་ས་ཡིད་འོང་ལེགས
58b4 པར་གྲུབ་པ་ཡིས།། ཕྱག་དང་ཞབས་སོར་དྲ་བར་འབྲེལ་པ་མཆོག་ཏུ་གྱུརྡ།། ཐུགས་རྗེ་ཆེན་པོ་མངའ་བས་ཕྱག་རིང་པུས་མོ་འདས། བྱམས་པ་རྒྱས་པ་མངའ་བས་སྐུ་མདོག་གསེར་ཀ་འདྲ།། ཡོ་བྱད
58b5 ཐམས་ཅད་བཏང་བས་རྣམ་པ་མདུན་དུ་མཐོ།། སྟཾ་སྟང་མགོན་མཛད་རོ་སྟོད་ལེགས་པ་སེང་གེ་འདྲ།། དབྱེན་སྤངས་འདུམ་པ་གསུངས་པས་ཚེམས་སྡུག་བཞི་བཅུ་ཚང་།། བདེ་གཤེགས
58b6 རྟེན་བཟང་བསྟནད་པས་སྤྱན་གསལ་དཀར་གནག་འབྱེས། ཅོམ་ལྡན་གསུང་གསལ་བརྗོད་པས་སྔགས་ནི་ཆེ་ཞིང་ཡངས།། དེབ་འབྱང་མཚན་རྫོགས་སྐུ་མཆོག་མངལ་ལ་ཕྱག་ཀྱང་འཚལ།།
58b7 རྒྱ་ཆེན་པོའི་མཚན་ལེའུ་སྟེ་ལྔ་པའོ།། འཁོར་ལོས་སྒྱུར་བའི་རྒྱལ་པོ་གླང་བཞིའི་དབང་བྱེད་པ། དགེ་བཅུ་ལས་ལམ་སྔོན་ཚེ་གུས་པར་སྤྱད་པའི་མཐུས།། རིན་ཆེན་འདུན་ལ་པྱོད་པའི་འཇིག་རྟེན་མཐུ་མཆོག་ཐོ
58b8 ཉེ་བའི་རིན་ཆེན་བདུན་པོ་དེ་དག་རྐྱེནད་ཏྲ་གྲུབ།། གསེར་གྱི་འཁོར་ལོ་རན་ཅེན་གླིང་བཞི་དབང་བྱེད་དང་། གླང་པོ་ཅང་ཤེས་ཐལ་ཀར་ཡོན་ཏན་མང་ལྡན་ཀཉིས།། རྟག་མཆོག་རིན་ཆེན་ཀར་པོ་བགྲོད་དགུར་མགྱོག
58b9 ད་།། བུད་མྱེད་རིན་ཆེན་ཡིད་འོང་ཡོན་ཏན་འགྲངས་དང་གཞི། ནོར་བུ་རིན་ཅེན་ཟུར་བརྒྱད་འོད་མཆོག་ལྡན་པ་དང་། ཁྱིམ་བདག་རིན་ཅེན་དགོས་དགུར་འབྱོར་ད་པར་འབུལ་བས་དྲུག། བློན་པོ་རིན་ཅེན་མ་སྒོ་ཡད




iiif viewer powered by OpenSeadragon

58a - 59a

Texts on this page

Ng8.3 - 'phags pa byams pa la bstod pa