| e-texts navigator |
| Wylie |
58a1 ཅེ། རེན་འདོད་གནོན་སུག་རྣམ་པ་བཀྲ་ཞིང་རྒྱས།། རྒྱུ་ཉིད་རིན་ཆེན་ཚོན་བཟང་སྡུག་ཀུ་ལེལ་བའི་ཚོགས།། མཉེན་འདས་ཀྱི་ལི་ཞུ་བ་རོ་ཞིབ་དག་དང་ལྡན།། དེ་དག་ལམ་སུམ་རེས་ཀྱིན་བྱང་ཆུབ་ཡན་ལག་རྣམས
58a2 ཆོས་རབ་རིན་ཆེན་མེ་ཏོག་སྟུག་གུ་བཟང་བར་སྤྲུལ།། གྱ་ནོམ་ལྷ་སྲས་ཡོན་ཏན་མཆོག་ལྡན་རྒྱན་ཡིན་ཏེ། རྒྱལ་སྲས་ཡོན་ཏན་ཆེ་བ་མངའ་བའི་རྐྱེ་ནང་དུ་བྱུང་།། དེ་ན་ཕྱེ་ལམ་སྥུ་སྟུག་དབྱིབས་ལེགས་ལྔ་ཞིང་འཁོར།། སྤྱོད
58a3 ལམ་མཛེས་དགུ་སྟོན་ད་ཅིང་མེ་ཏོག་དང་ཞིམ་འཇིག།། བུང་བ་སྟག་རིས་འཕུར་ཞིང་སྒྲ་སྙན་སྒྲོགས་པ་དག། སུམ་ཏོག་ཚད་དུ་བསྐྱབས་ཤིང་སྤྲས་ཀྱི་ཚོགས་ཀྱང་འཛུགས། ངེས་པར་སྲིན་བུའི་རིགས་མྱི་གནོད་སྦྱིན་ཀླུ་ལ་མཚོགས།
58a4 གངལ་སྐལ་བ་ཡོད་དགུར་བ་འོར་ཞིང་བསྙེན་བཀུར་བགྱིད།། ཁྱོད་ལས་ཆོས་ཀྱི་མེ་ཏོག་བདུད་ཅིའི་ཁུ་མནོས་ཤིང་།། བདག་དང་གཞན་གྱི་ཆེད་ལ་ཚོགས་གཉིས་བརྩོན་པར་མཚོགས།། དེ་དག་རྒྱལ་བའི་བྱིན་རླབས་བྱིན
58a5 རླབས་བྱིན་ཏུ་བརླབས་པ་ན། ལ་ལ་རྫུ་འཕྲུལ་སྤྱོད་ལམ་མཛྲེ། ས་ཀྱིས་འདུལ་བར་བྱེད། བར་བར་སེམས་ཅན་དོན་ཕྱིར་ཆོས་སྟོན་སྒྲ་ཡང་འབྱིནད།། ཀུན་ཀྱང་མཐའ་རུ་བླ་མྱེད་ས་མཆོག
58a6 ཐོབ་པར་འགྱུར།། ། ཡོ་བྱད་ལྡེམ་པོའིལེའུ་སྟེ་བོན་པའོ།། ། ཁྱོད་ཀྱི་སྐུ་ནི་ཤི་ནད་ཏུ་དཔེལ་ལེགས་མདོག་ཀྱང་གསལ།། གཟི་བརྗིད
58a7 ཆེ་མངའ་ཡིད་འོང་བལྟ་བས་ངོམས་མྱི་མྱོང་།། ཤ་རུས་གཟུགས་འདྲ་ཕ་མའི་རྒྱུ་ལས་བྱུང་བ་མྱིན།། ཐབས་མཁས་དམ་པ་ཡབ་ཡིན་ཤེས་རབ་ཆེན་པོ་ཡུམ།། ཕ་རོལ་དེ་ཕྱི་ནད་མཆོག་བྱམས་པའི་རིགས་ལས་བྱུང་བས་ན
58a8 ཅིས་འདུལ་སྣ་ཚོགས་མཆོག་གི་སྐུ་སྟོནད་བསམ་མྱི་ཁྱབ། བཤོས་བུ་འབྲུལ་མཙོགས་པའི་ཟས་ལ་གསོལ་མ་ལགས།། སྨོན་ལམ་རྣམ་པར་དག་པས་ཡོངས་སུ་སྒྲུབ་པའི་སྐུ།། སྐྱེས་བུ་དམ་པའི་མཚན་མཆོག་རྫོགས་པ
58a9 མངའ་བ་ལ། དཔེའ་བྱད་བཟང་པོ་བརྒྱད་བཅུས་མཛེས་པར་བརྒྱནད་པས་ན། འཁོར་ལོས་སྒྱུར་བའི་ལུས་ལ་འཆང་བའི་མཚན་རྣམས་ལས།། ཤི་ནད་ཏུ་གསལ་ཞིང་ལེགས་པར་བསྐུལ་པར་འཕགས་པར་དཀའ