| e-texts navigator |
| Wylie |
54a1 འཕགས་པ་མྱི་འཕམ་ནམ་ཞིག་མངོན་པར་སངས་རྒྱས་མཚན།། བྱིས་པར་འགྱུར་ཞེས་ཐུབ་པ་མཆོག་གིས་ལུང་བསྟན་པ། ད་ལྟར་རྒྱལ་བའི་རྒྱལ་བར་འཛིནད་ཀྱང་སྲིད། ས་དང་མཚན་དུ་འགལ་སྙམ་ལོག་པར་དམྱིགས
54a2 པའང་འབྱུང་། དེའི་བྱེ་བྲག་རྫོགས་པར་ཐེ་ཙོམ་འདས་བསལ་ཅིང་། ཁྱོད་ཀྱི་བྱོན་ཏེ་ཟླ་བྱེད་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་།། ལྷ་མྱེ་ཡོངས་ཀྱི་མཆོད་པར་བྱིན་གྱིས་རློབ་མངའ་མཆིས་ཀྱང་། སྐུ་ཚེ་ཅིག་གིས་ཐོགས
54a3 པར་ཡོངས་སུ་གྲུབ་པས་ན།། བསྐལྡ་པ་འགྲང་འདས་སྔོན་ཏུ་མངོན་པར་སངས་རྒྱས་ཀྱང་།། འདུལ་བའི་སེམས་ཅན་རྣམ་སྦྱིན་དུས་ལ་བཞེས་སླད་དུ།། ཟབས་ལ་མཁས་པས་རྒྱལ་སྲས་མ་གཡོས་པར།། ཕྱོགས་བརྒྱ
54a4 མཐའ་ཡས་ཀུན་ཀྱི་སེམས་ཅན་དོན་མངའ་མཛད།། མྱོང་ལམ་གཅིག་ལ་བཞུགས་ཀྱང་སྣ་ཚོགས་པྱོད་བསྟན་པ།། ཇི་ལྟར་དང་པའི་བསམ་པ་ཡོད་བཞིན་དུ།། འདུལ་བའི་ཐབས་ལ་ནོང་བའི་དྲི་མ
54a5 འི་སྐྱོན་མྱི་མངའ།། གནས་དང་རྐྱེནད་ཀྱིས་བྱེ་བྲག་མ་ལུས་མཁྱེན།། དེ་པས་ན།། དོན་མཛད་པ་སྤྱོད་པ་ཀུན་ལ་ནམས་ཀྱང་འཁྲུལ་རྫོག། ས་པར།། སངས་རྒྱས་ལགས་ཤེས་བདག་གིས་བརྗོད་པ་ཡང་།།
54a6 རང་བཟོར་མ་བགྱིས་སྔོན་གྱི་བདེ་གཤེགས་ཚུལ་ལགས་པར། གཞན་སྤོས་ཅི་འཚལ་ཐབས་ཆེ་ལས།། འཇིག་རྟེན་ཕན་ཕྱིར་ཤག་ཀྱ་སེང་གེ། རྐང་གཉིས་གཙོ།། མངོན་པར་སངས་རྒྱས་གྱུར་ནས་རིང་པོ་མ
54a7 ཡོན་དུ།། ཐོབ་མ་ས་ནུས་རྒྱལ་སྲས་འཁོར་དང་བཅས་འབྱུང་།། དེ་དག་གཟིགས་ནས་ཐུབ་པ་ཉིད་ཀྱིས་བཀའ་མ་ཨ་དཔ།། བསྐསང་བགྲངས་བྱེད་དུ་མ་འདས་པའི་སྔ་རོསོང་དམ།། ཀྱི་མཛོད་འཇིག་རྟེན་འདི་མཛོན
54a8 བར་སངས་རྒྱས་ཏེ།། སློབ་མ་མང་པོའི་སྦྱིན་བྱས་རྒྱལ་སྲིད་འདི་རྣམས་ཡིན། མར་མེ་མཛད་ལ་སཚོགས་པ་དེ་བཞིན་གཤེགས་པ་རྣམས།། ཡོངས་སུ་མྱ་ངན་ལས་འདས་པ་སྐད་བཤད་པ་ཡང་།། སེམས་ཅན་འདུལ་བའི
54a9 དབང་དུ་དད་པའི་ཚུལ་བསྩགས་ཏེ།། ཐུབ་པ་ཉིད་ཀྱིས་དེ་དག་ཐབས་སུ་བསྒྲུབས་ཤེས་གསུངས།། ད་ལྟར་མྱ་ངན་མ་འདས་མྱ་ངན་འདས་སྟོནད་དང་།། སངས་རྒྱས་ལགས་ཀྱང་ད་གཟོད་འཚང་རྒྱ་བའི་ཚུལ་སྟོནད་པ། རང་ན