e-texts navigator
Collection
Volume
Page
Wylie

53b1 ང་ལ་སྐྱེས་ཞུ་ངས་པ་དེ་དག་གིས་འབུར་བ་སྟིར་བྱས། བླ་མར་བྱས། བཙུན་པར་བྱས་པའི་ཕྱིར་རོ།། རིགས་ཀྱི་བུ་རེ་དག་ནི་ངའི་བྱང་ཆུབ་ཕྲག་ག་ལ་ཐོགས་པར་འགྱུར་རོ།། དེ་དག་གི་སྤོབས་པ་ཕུན་སུམ་ཚོགས་པ་རྒྱུན་གྱི་འཆད་པར་འགྱུར
53b2 དེ་དག་གི་སངས་རྒྱས་ཀྱི་ཞིང་ཤི་ནང་ཏུ་ཡོངས་སུ་དག་པར་འགྱུར་རོ།། འཆི་བའི་དུས་ཀྱི་ཚེ་ན་ཡང་། དེ་བཞིན་གཤེགས་པ་འོད་དཔག་མྱེད་ཉན་ཐོས་དགེ་འདུན་གྱིས་ཡོངས་སུ་བསྐོརྡ་ཅིང་མདུན་གིས་བལྟས་ནས། མདུན་ན་བཞུགས་པར
53b3 འགྱུར་ཏེ། མཐོང་བར་འགྱུར་རོ།། ང་ཡང་བྱང་ཆུབ་སེམས་དཔའ་འདི་དག་ཉིད་དང་། ཐབས་ཅིག་ཏུ་རིའི་རྒྱལ་པོ་ཕྱེརྒོད་ཀྱི་ཕུང་པོ་ལ་གནས་པར་མཐོང་བར་འགྱུར་རོ།། རིགས་ཀྱི་བུ་དེ་དག་གི་ཆོས་ཀྱི་མཛོད་ཀྱི་ཟད་པར་འགྱུར་རོ།། རེ་དག
53b4 རབས་དྲན་པར་འགྱུར་མོ།། ངན་སོང་རྣམས་སུ་སྐྱེ་བར་མྱི་འགྱུར་རོ།། ། རྫས་ཀྱི་བུ་རིནི་འཇིག་རྟེན་ཐམས་ཅད་དང་། མྱི་མཐུན་པའི་ཚིག་འདིམ། རིགས་ཀྱི་དུ་ངག་གས་ཏེ་མཚམས་བྱེད་པ་ལྔ་བྱེད་པར་གྱུར་དས། ཆོམ
53b5 རྣམ་གྲངས་འདི་ལུས་ལ་བཏགས་སམ་ཡི་གེ། འདྲ་འམ། ཀློག་ཀམ། ཀུན་ཆུབ་པར་བྱེད་ན། དེ་ནི་ངན་སོང་ངན་འགྲོ་ལོག་པར་ལྟུང་བར་འགྲོ་བར་ངས་མ་མཐོང་ངོ་།། བྱང་ཆུབ་སེམས་དཔའ་དེ་དག་སངས་རྒྱས
53b6 ཐམས་ཅད་ཀྱིས་དབང་བསྐུར་ཞིང་མྱི་ལྔ་ཐོབ་པར་འགྱུར་རོ།། དབང་པོ་ཉམས་པར་མྱི་འགྱུར་རོ།། སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་ཐཟུང་ངོ་།། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཡོངས་སུ་དེའི
53b7 ལས་ཚད་མྱེད་པ་རྣམས་པར་དག་པར་འགྱུར་རོ།། ཚོགས་ཀྱི་བུ་ཚིག་འདི་ནི་ཐ་མར་སྨ་སྟེ། དེ་མངོན་པར་རྫོགས་པར་སངས་རྒྱས་པར་ངས་མཐོང་ངོ་།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སཿསད་ནས།། བྱང
53b8 པར་སེམས་ལ་ཚོགས་པ། བྱང་ཆུབ་སེམས་དཔའ་རྣམས་དང་། བརྒྱ་བྱིན་ལ་ཚོགས་པོའི་ལྷའི་བུ་རྣམས་དང་རྒྱལ་པོ་ཆེན་པོ་བཞི་དང་། ལྷ་དང་མྱི་དང་། ལྷ་མ་ཡིན་དང་། དྲི་ཐར་བཅས་པའི་འཇིག་རྟེན་ཡིད་འདས་ཏེ།
53b9 བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་སྟོད་དོ།། ། འཕགས་པ་ཡི་གེ་མྱེད་པའི་ཐ་མ་ཏོག་རྣམ་པར་སྣང་མཛད་ཀྱི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོལ། རྫོགས་སྷོ།།




iiif viewer powered by OpenSeadragon

53a - 54a

Texts on this page

Ng8.2 - 'phags pa yi ge med pa'i za ma tog rnam par snang mdzad kyi snying po zhes bya ba theg pa chen po'i mdo