e-texts navigator
Collection
Volume
Page
Wylie

52b1 གཤེགས་པས་ཆོས་ཐམས་ཅད་འགག་པ་མྱེད་པ་ཟུགས་སུ་ཆུད་ངོ་།། རིགས་ཀྱི་བུ་ཡང་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མཐའ་གཉིས་ལས་གྲོལ་བར་ཐུགས་སུ་ཆུད་དོ།། རིགས་ཀྱི་བུ་དེ་བཞིན་གཤེགས་པས་ཆོས་ཐོས
52b2 ཅད་མ་བྱུང་བ་ཐུགས་སུ་ཆུད་དོ།། རིགས་ཀྱི་བུ་དེ་བཞིན་གཤེགས་པས་ལས་བདག་གིས་བྱ་བར་ཐུགས་སུ་ཆུད་།། དེ་བཞིས་གཤེགས་པས་ཆོས་ཐམས་ཅད་རྒྱུ་དང་རྐྱེམ་ལ་རག་ལས་པར་ཐུགས་སུ་ཆུད་ངོ་།། རིམ
52b3 ཀྱི་བུ་དེ་བཞིན་གཤེགས་པས་རྒྱུ་དང་རྐྱེནད་ནི་གློག་དང་འདྲ་བར་ཐུགས་སུ་ཆུད་དོ།། དེ་བཞིན་གཤེགས་པས་རྒྱུ་མྱེད་རྐྱེནད་མྱེད་པ་ལས་སྐྱེ་བ་མྱེད་པར་ཐུགས་སུ་ཆུད་དོ།། དེ་ལྟར་དེ་བཞིམ་གཤེགས་པས་རྣམ་པར་སྣང
52b4 མཛད་ཀྱི་སྙིང་པོའི་ཆོས་ཉིད་ཐུགས་སུ་ཆུད་དོ།། ཅིའི་ཕྱིར་ཡོངས་སུ་རྟོག་པ་པ་དག་རྣམ་པར་སྣང་མཛད་ཀྱི་སྙིང་པོ་ཞེས་སྨྲ་ཞེ་ན། རིགས་ཀྱི་གུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ལ་མཆོག
52b5 བཱ་ཀཱ་རྩི་བྱུང་བ་དེ་ནི་མངལ་ལོ།། གང་གི་ཚེ་ཡེ་ཤེས་རོའི་རང་བཞིན་ལ་ཡོངས་སུ་རྟོག་པ་དེའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་ནི་མངལ་དུ་ཆུད་པ་ཡིན་ཏེ། དེའི་ཚེ་རྣམ་པར་སྣང་མ
52b6 ཀྱཻ་སྙིང་པོ་ཞེས་བྱ་བའི་མྱིང་ཐོབ་བོ།། རིགས་ཀྱི་བུ་ཡང་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་སྒྱུ་མ་དང་སྨྱིག་རྒྱུ་དང་འདྲ་བར་ཐུགས་སུ་ཆུད་དོ།། དེ་བཞིན་གཤེགས་པས་རང་བཞིན་གིས
52b7 རྣམ་པ་གྲོམ་པའི་ངངག་ཆོས་ཉིད་ཐུགམས་ཅད་དོ།། ནམ་ཡ་ས་ཞི་འདེ་རྣམ་པ་འདུས་ན་མའིམ་ཉིད་དོ།། རིགས་ཀྱི་ཡུ་ཡང་བཞིན་གཤེསུམ་པ་མ་ཆོས་ཀྱི་དོ་ག་ལུགས་སུ་ཆུད
52b8 རིགས་ཀྱི་བུ་གང་ལ་འགྲོ་བ་མྱེད་པ་དང་། འོང་བ་མྱེད་པ་དང་། རྒྱུ་མྱེད་པ་དང་། རྐྱེནད་མྱེད་པ་དང་། འཚོ་འཕོ་མྱེད་པ་དང་། སྐྱེ་བ་མྱེད་པ་དང་། བླང་བ་མྱེད་པ་དང་། དོར་བ་མྱེད་པ་དང་། འགྲིབ་པ་མྱེད་པ་དང་། འཕེལ
52b9 བ་མྱེད་པ་དང་། རིགས་ཀྱི་བུ་གང་རང་བཞིན་གོས་རང་བཞིན་མྱེད་དག་པ་ལ་དཔེའ་བྱ་བར་མྱི་ནུས་པ་དང་། གང་ཡི་གེ་དང་། ངེས་པའི་ཚིག་གིས་བརྗོད་པའི་ཆོས་ཀྱི་སྒོ་གཅིག་པོ་དེ། དེ་བཞིན་གཤེག་པས




iiif viewer powered by OpenSeadragon

52a - 53a

Texts on this page

Ng8.2 - 'phags pa yi ge med pa'i za ma tog rnam par snang mdzad kyi snying po zhes bya ba theg pa chen po'i mdo