e-texts navigator
Collection
Volume
Page
Wylie

179b1 བར་ཡིད་ལ་བྱེད་པར་སོང་ན། ཁྱོད་བྱ་བ་གང་གི་ཕྱིར་འགྲོ་བའི་བྱ་བ་དེ་འགྲུབ་པར་འགྱུར་ཞིང་། ཁྲོད་ལ་འཇིགས་པ་གང་ནས་ཀྱང་འབྱུང་བར་མྱི་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཆེ། ཚིགས་སུ་བཅང་བ་འདི
179b2 བཀའ་རྩ་ལང་དོ།། རྟག་ཏུ་སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་ལ་སེམས་བྱོས་ལ། སེམས་ཅན་དེ་ལ་མ་བརྙས་དང་། ཁྱོད་ལ་འཇིགས་པ་འབྱུང་མྱི་འགྱུར།། གཞོན་ནུ་བྱང་ཤར་ཕྱོགས་སུ་ལོགས་སུ་སངས
179b3 རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་བརྒྱད་ཁྲི་འདས་པ་ན། འཇིག་རྟེན་གྱི་ཁམས་བདུད་ཀྱི་སྡེ་བཅོམ་པ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདུད་དང
179b4 ཡིད་གཉིས་ཀུན་ད་ཏུ་འཇོམས་ནས་གནོན་ཅེས་བྱ་བ་ད་སྦྱར་བཝཱཿདས་ཏེ། འཚོ་ཞིང་གཞེས་སོ།། དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་པ་ཙམ་གྱིས་སྟོང་གསུམ་གྱི
179b5 སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་ན།། བདུད་ཀྱི་རིས་ཀྱི་ལྷ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པརརྫོགས་པའི་བྱང་ཆུབ་ལས་ཕྱིར་མྱི་སྟོག་པར་མཛད་དེ།
179b6 གཞོན་ནུ་དེ་ནི་དེ་བཞིམ་གཤེགས་པ་དེ་བྱང་ཆུབ་ཀྱི་ཞིང་དྲུང་དུ་ཞུགས་པའི་སྐྱེས་བུ་འི་ས་དེས་བྱུང་བ་ཡིན་ནོ།། གཞོན་དུ་གང་གི་མེ་བྱ་བ་འགའ་ཞིག་འི་རྩབྱ་ཤར་གྱི་ཕྱོགས་སུ
179b7 དེའི་མི་དེ་བཞིམ་གཤེགས་པ་དེ་ལ་ཕྱག་འཚས་ཏེ། དྲན་པར་བྱས་ཤི་པ་མདུན་དུ་བྱས་ཏེ།། སེམས་ཀྱི་རྒྱུན་ཀྱིས་དེ་མངོན་དུ་བྱེད་ཅིང་།། རྣམ་པམས་གཡེངས་པས་སོང་ན། ཁྲོད་བྱ་བ་གང་གི་ཕྱིམ་འགྲོ་བའི
179b8 བྱ་བ་དེ་འགྲུབ་པར་འགྱུར་ཞིང་། ཁྱོད་ལ་འཇིགས་པ་གསནས་ཀྱང་འགྱུར་བར་མྱི་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་མི་ཚིགས་སུ་བཅད་པ་འདི་བཀའ་སྦས་སོ།། གང་གིས་དཔ་པོ་འཐུགས
179b9 ཀྱིས་ནི་བདུད་རྣམས་འཕམ་མཛད་སངས་རྒྱས་དེ། དྲན་བཞིན་དུ་ནི་ཁྱོད་སོང་ན། ཁྲོད་ལ་འཇིགས་པ་འབྱུང་གྱི་འགྱུར་གན་སུ་ཤར་དྨོ་ཕྱོགས་སོགས་སུ་སངས་རྒྱས་རྒྱས་ཀྱི་ཞིབ་འདི་ནས་སངས་རྒྱས་ཀྱི་ཞེ




iiif viewer powered by OpenSeadragon

179a - 180a

Texts on this page

Ng8.12 - 'phags pa phyogs bcu'i mun pa rnam par sel ba zhes bya ba theg pa chen po'i mdo