| e-texts navigator |
| Wylie |
178b1 བར་རབ་ཏུ་ཉོན་ལ་ཡིད་ལ་གཟུང་ཤིག་དང་། ངས་ཁྱོད་ལ་བཤད་དོ།། བཅོམ་ལྡན་འདས་དེ་ལྟར་འཚལ་ལོ་ཞེས་གསོལང་ནས།། ཤག་ཀྱང་གཞོན་ནུ་བཞིན་པ་གསལ་བཅོམ་ལྡན་འདས་ལ་ཉནད་པ་དང་། བཅོམ་ལྡན
178b2 འདས་ཀྱིས་དེ་ལྟ་འདི་སྐད་ཅེས་བཀའ་སྩལ་ཏོ།། གཞོན་ནུ་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས། སངས་རྒྱས་ཀྱི་ཞིང་བརྒྱད་ཁྲི་འདས་པ་ན། འཇིག་རྟེན་གྱི་ཁམས་ཉོན་མོངས་པ་ཐམས་ཅད་བསྟོད་པ་ཞེས་བྱ
178b3 པ་ཞིག་ཡོད་དེ།། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྗེ་ཁྱོད་ཅེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་བཞེས་སོ།། གཞོན་དུ་ཁྱོད་གང་གྱི་ཚེ། བྱ་བ་འགའ་ཞིག་གི་ཕྱིར་ཤར་ཕྱོགས
178b4 སུ་འགྲོ་ན།། དེའི་ཚེ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་དེ་ལ་ཕྱག་འཚལ་ཏྲེ། དྲན་པར་བྱས་ཤིང་མདུན་དུ་བྱས་ཏེ། སེམས་ཀྱི་རྒྱུན་ཀྱིས་དེ་མ་དོན་ཏུ་བྱེད་ཅིང་། སོང་ན་ཁྱོད་ལ་འཇིགས་པ་འབྱུང་བར་མྱི་འགྱུར་རོ།།
178b5 དེའི་ཚེ་མ་ཡེངས་པར་ཡིད་ལ་བྱས་ན། ཁྱོད་བྱ་བ་གང་གི་ཕྱིར་འགྲོ།། བའི་བྱ་བ་དེ་འགྲུབ་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱི།། ས་དེའི་ཚེ། ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏོ།། རྫོགས
178b6 པའི་སངས་རྒྱས་ཐུབ་པ་ཆེ།། ཇེ་ལ་རབ་ཏུ་ཕྱག་འཚལ་ཏེ།། ག་ཏུ་དེ་ནི་མངོན་བྱེད་ཅིང་། འགྲོ་བ་ཁྱེད་ལ་འཇིགས་མྱི་འབྱུང་། གཞོན་ནུ་ལྷོ་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས
178b7 རྒྱས་ཀྱི་ཞིང་དགུ་ཁྲི་འདས་པ་ན།། འཇིག་རྟེན་ཀ་ཁམས་མུན་པ་དང་། མུན་ནག་གི་ཚོགས་བཅོམ་ཞེས་བྱ་བ་ཞིག་ཡོད་དེ།། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེམས
178b8 དང་པོ་བསྐྱེད་པ་ཡིད་ལ་མཛད་པ་རྣམ་གྲངས་བརྙེངས་པ་དང་། བག་ཚ་བ་དང་བྲལ་བས་མངོན་པར་འཕགས་པའི་རྒྱལ་པོ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་བཞེས་སོ།། གཞོན་ནུ་ཁྱོད་གང་གི་ཚེ། བྱ་བ་འགའ་ཞིག་གི
178b9 ཕྱིར། ལྷོ་ཕྱོགས་འགྲོ་ནི་དེའི་ཚེ། ཁྱོད་ཀྱིས་དེ་བཞིན་གཤེགས་པ་དེ་ལ་ཕྱག་འཚལ་ཏེ།། དྲན་པར་བྱས་ཤིང་མངོན་དུ་བྱས་ཏེ། སེམས་ཀྱི་རྒྱུན་གྱིས་དེ་མངོན་དུ་བྱེད་ཅིང་།། ཁྱིམ་ལ་སྩོགས་པའི་ཡིད་ལ་བྱེད་པ་དང་བྲལ་བ།