e-texts navigator
Collection
Volume
Page
Wylie

178a1 གཅིག་ཏུ་བཞུགས་སོ།། དེ་ནས་བཅོམ་ལྡན་སྔ་དྲོའི་དུས་ཀྱི་ཚེ།། ཤམས་ཐབས་གསོལང་ནས། ལྷུང་ཟེད་དང་། ཆོས་གོས་བསྣམས་ཏེ།། དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་བསྔོར་ཅིང་།། དགེ
178a2 སྲོང་གི་དགེ་འདུན་གྱིས་མདུན་དུ་བདར་ནས། སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ལ་གཤེགས་སོ།། དེའི་ཚེ་ན་ཤག་ཀྱ་གཞོན་ནུ་བཞིན་རབ་གསལ་ཞེས་བྱ་བ་འགའ་ཞིག་གི་ཕྱིར། ཤིང་རྟ་ལ་ཞོན་ནས
178a3 སེར་སྐྱའི་གནས་གྲོང་ཁྱེར་ཆེན་པོ་ནས་ཕྱིར་བྱུང་བ་ཡང་ཤག་ཀྱ་གཞོན་ནུ་བཞིན་རབ་གསལ་གྱིས་བཅོམ་ལྡན་འདས་ཐག་རིང་པོ་ཁོ་ན་ནས་གཤེགས་པ་མཐོང་ངོ་།། མཐོང་ནས་ཀྱང་ཤིང་རྟ་དེ་ལས་བསམ་ནས།། བཅོམ
178a4 ལྡན་འདས་ག་ལ་བ་དེར་སོང་སྟེ། ཕྱི་ནད་ནས་བཅོམ་ལྡན་འདས་དག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱ་རད་པ་བདུད་ཏེ། བཅོམ་ལྡན་འད་དས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས།། བཅོམ་ལྡན
178a5 འདས་ལ་ལན་གསུམ་བསྐོར་བ་བསྟེ།། ཐལ་མོ་སྦྱརྡ་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ།། དེ་ནས་བཅོམ་ལྡན་འ། དས་ལ་ཤག་ཀྱི་གཞོན་ནུ་བཞི་རབ་གསལ་གྱིས་འདི་སྐད་ཅེས་གསོལ
178a6 ཏོ།། བཅོམ་ལྡན་འདས་འདི་ན་བདག་གི་ཕ་མ་གཉིས་གཉིད་ལོག་པ་དང་། མ་ལོག་པ་དག་ལ་མྱི་མ་ལགས་པ་རྣམས་རྣམ་པར་འཆེ་བར་བགྱི་དེ་ལ། བཅོམ་ལྡན་འདས་བདག་ཀྱང་གང་གི་ཚེ། ལྗོངས་ཀྱི་ཕྱོགས
178a7 གཞན་དུ་མཆིས་པའི་ཚེ། བདག་ལ་ཡང་ཆོམ་རྐུནད་པ་དག་རྣམ་པར་འཆེ་བར་བགྱིད་ཅིང་། གཅན་ཟན་དག་ཀྱང་རྣམ་པར་འཆེ་བར་བགྱིད་ན་དེའི་སླད་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར
178a8 རྫོགས་པའི་སངས་རྒྱས་ཀྱིས་བདག་ལ་ཐུགས་རྩེ་བའི་སླད་དུ། ཅི་ནས་ཀྱང་བདག་ལ་མྱི་འམ། ཕྱི་མ་ལགས་པ་དང་། དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་འགའ་ཡང་རྣམ་པར་འཆེ་བར་བགྱིད་པ་དེ་ལྟར་བདག་ལ་ལེགས་པར་བསྲུང
178a9 བ་མཛད་དུ་གསོལ།། བསྲུང་བའི་ཆོ་ག་ཡང་མཛད་དུ་གསོལ་ད། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཤག་ཀྱ་གཞོན་ནུ་བཞིན་རབ་གསལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། གཞོན་ནུ་དེའི་ཕྱིར་ལེགས




iiif viewer powered by OpenSeadragon

177b - 178b

Texts on this page

Ng8.12 - 'phags pa phyogs bcu'i mun pa rnam par sel ba zhes bya ba theg pa chen po'i mdo