e-texts navigator
Collection
Volume
Page
Wylie

175a1 རྣམས་དང་མྱི་འབྲལ་བར་འགྱུར། འཁོར་མང་པོ་ས་ལུས་ཕུན་སུམ་ཚོགས་ནས་གཟུགས་གཟང་པོ་ཉིད་འཐོབ་པར་འགྱུར་ཡོ་བྱད་ཕུན་སུམ་ཚོགས་པར་འགྱུར་ཏེ། བཅལ་མྱི་དཀོད་པར་ཡོ་བྱད་རྣམས་འབྱོར
175a2 བར་འགྱུར། ལུས་སྲ་ཞིང་བརྟན་ལ་ལུས་ཕུན་སུམ་ཚོགས་པ་འཐོབ་པར་འགྱུར་ཞིང་དེ་ལ་རི་དང་ཚིག་པ་རྣམས་ཀྱང་སྒྲིབ་པར་མྱི་བྱེད་དེ། ཕུན་སུམ་ཚོགས་པ་བཞི་པོ་དེ་དག་ཐོབ་པར་འགྱུར་རོ།། དེ་ནས་ཁྱིམ་བདག་དེ་དགའ་ཞིང
175a3 མགུ་ལ་ཡིད་རངས་པར་གྱུར་ནས། དགེ་སློང་དེའི་རྐང་པ་ལ་ཕྱག་བྱས་ཏེ། འདི་སྐད་ཅེས་སྨྲས་སོ།། འཕགས་པ་དཀྱིལ་འཁོར་བརྒྱད་སྟོནད་ཅིག་དང་།། དེས་བདག་ལ་མངོན་སུམ་དུ་འགྱུར་རོ།། དེ་ནས་དགེ་སློང་རྣམ་པར
175a4 རྒྱལ་བ་འབྱུང་བས་ཁྱིམ་བདག་དེའི་བསམ་པ་ཤེས་ནས། ཡང་དག་པར་རབ་ཏུ་བསྟན་ད་ཏེ། རིགས་ཀྱི་བུ་ཉོནད་ཅིག་དང་བསྟནད་པར་བྱའོ།། དེས་ནི་ལྕི་བ་སར་བསྲེས་པའི།། དཀྱིལ་འཁོར་གྲུ་བཞི་ལྷམ
175a5 པ་བྱ།། སེམས་ཅན་ཀུནད་དང་ཐུན་མོང་དུ།། འདས་པའི་སངས་རྒྱས་གང་ཡིན་དང་། གང་དག་མ་འོངས་ད་ལྟར་བྱུང་།། བྱང་ཆུབ་སེ།། མས་དཔའ་ཉན་ཐོས་དང་། རང་སངས་རྒྱས་དག་གང་ཡོད་པ་དེ་དག་རྣཾས
175a6 ལ་ཡོངས་སུ་བསྔོ།། དེ་ནས་དཀྱིལ་འཁོར་ཁོར་ཡུག་དུ། འཁོར་ཀྱི་དཀྱིལ་འཁོར་རྣམས་བྱ་སྟེ། འཇིག་རྟེན་དབང་དང་བྱམས་པ་དང་། ཐུབ་པ་སྐྱེས་མཆོག་ནམ་མཁའ་དང་། ཀུནད་ཏུ་བཟང་པོ་བློ་ལྡན་དང་།
175a7 གསང་བ་པའི་བདག་པོ་དང་། འཇམ་དཔལ་གཞོན་ནུར་གྱུར་ད་པ་དང་། སྒྲིབ་པ་ཐམས་ཅད་རྣམ་སེལ་དང་། དེ་བཞིན་སའི་སྙིང་པོ་སྟེ། དེ་དག་གྱི་ཆེད་དུ་དཀྱིལ་འཁོར་བརྐྱང་བྱའོ།། ཁྱིམ་བདག་འདི་ནི་དཀྱིལ་འཁོར་བརྐྱད
175a8 ཅེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཡིན་ཏེ།། འདི་ནི་བདག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྣང་བ་བསམ་གྱིས་མྱི་ཁྱབ་པ་དེ་ལས་མངོན་སུམ་དུ་ཟོས་སོ།། ཁྱིམ་བདག་གཞན་ཡང་ཉོན་ཅིག། ཀུན་ནས་བསྐལ
175a9 པ་མཐུན་པའི།། འཁོར་རྣམས་གང་ཞིག་འདོད་པ་དེས།། དཀྱིལ་འཁོར་བརྒྱད་ནི་བྱ་བར་བྱ།། གང་ཞིག་བརྒྱ་བྱི་ནང་ཉིད་དང་ནི།། ཚངས་པའི་འཇིག་རྟེན་བདག་པོ་དང་། ལྷ་མྱི་རྒྱལ་པོ་རྒྱལ་སྲིད་དང་། བློ་ལྡན་སྔ




iiif viewer powered by OpenSeadragon

174b - 175b

Texts on this page

Ng8.10 - 'phags pa dkyil 'khor brgyad pa ces bya ba'i chos kyi rnam grangs theg pa chen po'i mdo